ཨར་ཇེན་ཊི་ནའི་གཞུང་གིས་གོ་མཚོན་རྩ་མེད་བཏང་བ།

ཨར་ཇེན་ཊི་ནའི་ནང་དུ་གཞུང་གིས་གོ་མཚོན་ཉུང་དུ་གཏོང་བའི་ལས་གཞི་ཞིག་སྤེལ་བ་དང་། ལས་གཞི་དེའི་འོག་མི་མང་སྒེར་གྱིས་ཉར་བའི་གོ་མཚོན་རྣམས་གཞུང་ལ་རྩིས་འབུལ་ཞུས་ཤིང་། ཟླ་འདིའི་ཕྱི་ཚེས་༥ ཉིན་གཞུང་ལ་རྩིས་འབུལ་ཞུས་པའི་མེ་མདའ་གྲངས་ཆིག་ཁྲི་ཆིིག་སྟོང་ཙམ་རྩ་མེད་བཟོས་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན་ཡུལ་དེའི་ཁྲིམས་ཞིབ་ཀྱི་བློན་ཆེན་ཇུ་ལིའོ་ཨ་ལག་གིས་གོ་མཚོན་རྩ་མེད་བཟོ་རྒྱུའི་ལས་གཞིར་ལྟ་རྟོགས་བྱས་ཏེ། ཁོང་གིས་བརྗོད་གསལ་ལྟར་ན། ད་ལྟ་བར་མེ་མདའ་བསྡུས་ཟིན་པའི་གྲངས་ཚད་༡༦༠༥༣༡ ཙམ་ལ་སླེབས་འདུག མེ་མདའ་རྩ་མེད་བཟོ་བའི་ལས་གཞི་ནི་རྒྱལ་ཡོངས་དྭངས་བླང་རྩིས་འབུལ་ལས་འཆར་འོག་གཞུང་གི་སྲིད་ཇུས་གསར་པ་ཞིག་རེད་”ཅེས་བརྗོད་འདུག
“མི་མང་ནང་གོ་མཚོན་མེད་པ་བཟོ་བའི་ལས་གཞི་འདི་ནི་རྒྱལ་ཡོངས་ཀྱི་དམིགས་ཡུལ་གལ་ཆེས་ཤོས་ཤིག་རེད། ཐབས་ལམ་འདི་ནི་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ཚད་དམའ་རུ་གཏོང་བའི་ལག་ཆ་ཞིག་རེད་”ཅེས་བློན་ཆེན་གྱིས་བརྗོད་འདུག 

བློན་ཆེན་ཨ་ལག་གི་མུ་མཐུད་བརྗོད་དོན། ནང་མི་རེའི་ནང་གོ་མཚོན་མེད་པ་དེས་མི་སྒེར་ཕན་ཚུན་བར་རྩོད་རྙོག་སྔོན་འགོག་བྱེད་ཐུབ་ལ། དེས་ཨར་ཇེན་ཊི་ནར་མཚོན་ན། མེ་མདའ་ལ་རྐྱེན་བྱས་ཏེ་ནང་དམེ་དང་མི་གསོད་ཁྲག་སྦྱོར་གྱི་ནག་ཉེས་བརྒྱ་ཆ་༦༥ ཙམ་ཡོང་གི་ཡོད། དེའི་རྩ་བ་གོ་མཚོན་ཁོ་ནར་ཐུག་ཡོད། ད་ལྟ་གཞུང་གི་ལས་གཞི་འདི་བརྒྱུད་བསམ་ཤེས་མི་བྱེད་པའི་མི་མང་ཕན་ཚུན་དམར་གསོད་བྱེད་རེས་རིགས་མེད་པ་བཟོ་ཐུབ་པའི་ཕན་རླབས་ཡོད་”ཅེས་བརྗོད་འདུག
ཡང་ཁོང་གིས་“མི་སེར་ཞིག་གིས་རང་ཉིད་མེ་མདས་སྲུང་སྐྱོབ་བྱེད་ཐབས་བྱེད་དགོས་དུས།  དེའི་མཇུག་འབྲས་དེ་རང་ཉིད་ལ་སྨིན་པ་ལས་བཙན་གནོན་བྱེད་མཁན་དེར་གནོད་དཀའ། བཙན་གནོན་བྱེད་མཁན་ཚོར་མཚོན་ཆའི་ཐོག་ལག་རྩལ་ལྡན་པ་མ་ཟད། རང་བཞིན་གྱིས་བེད་སྤྱོད་གཏོང་འདོད་ཡོད་པས་ཞེད་སྣང་དང་ཐེ་ཚོམ་མེད་པས་གྱོང་མི་མང་ལ་རག་གི་ཡོད་”ཅེས་བརྗོད་ཡོད་པ་རེད།

Share this:
༡༧ ཀློག་གྲངས།