ཇཱོན་ཊེམ་ལེ་ཊོན་གྱི་ཐེབས་རྩའི་གཟེངས་རྟགས།

dalai-lama123ཟླ་འདིའི་ཚེས་༡༤ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཇཱོན་ཊེམ་ལེ་ཊོན་གྱི་ཐེབས་རྩའི་འདི་ལོའི་ལོ་འཁོར་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འཕུལ་བའི་མཛད་སྒོ་དེ་དབྱིན་ཡུལ་དུ་འཚོགས་ཡོད་པ་དང། ཡེ་ཤུ་ཆོས་དཔོན་ཁག་ཅིག་དང་༧གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད།

ཇཱོན་ཊེམ་ལེ་ཊོན་གྱི་ཐེབས་རྩས་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འཕུལ་དགོས་དོན་ནི་༧གོང་ས་མཆོག་གིས་བྱམས་བརྩེའི་ནུས་སྟོབས་ལ་བརྟེན་ནས་འཛམ་གླིང་ནང་གི་དཀའ་རྙོག་རྣམས་སེལ་ཐབས་ཐད་ལ་ཕྱག་ལས་གནང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

གཟེངས་རྟགས་ཀྱི་དངུལ་དེ་ནས་དབྱིན་སྒོར་ས་ཡ་གཅིག་དང་འབུམ་གཅིག་དེ་རྒྱ་གར་གི་ཉམ་ཐག་ཕྲུ་གུའི་སློབ་སྦྱོང་ཆེད་ཀྱི་དགེ་རྩ་ཚོགས་པ་ཞིག་ལ་འབུལ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

dalai_lama_14_5_2012༧གོང་ས་མཆོག་གིས་གཟེངས་རྟགས་ཀྱི་དངུལ་དེ་ནས་ཆ་ཤས་གཅིག་ནི་སེམས་དང་ཚེ་སྲོག་གི་ཚན་རིག་ཚོགས་པ་དེར་ཕུལ་རྒྱུ་དང་། ཆ་ཤས་གཅིག་ནི་དགོན་སྡེ་ཁག་ནང་ཚན་རིགས་སློབ་མཚན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཆེད་དུ་འབུལ་རྒྱུ་ཡིན་པ་རེད།

ཚོགས་པ་དེ་ནི་ཕྱི་ལོ་༡༩༧༢ ལོར་གཏོང་ཕོད་ཅན་གྱི་སྐུ་ཞབས་ཇཱོན་ཊེམ་ལེ་ཊོན་ལགས་ཀྱི་མིང་ཐོག་ནས་གསར་འཛུགས་གནང་ཡོད་པ་དང་། དམིགས་ཡུལ་ནི་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་ལས་དོན་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་མི་སྣ་ཁག་ལ་འབུུལ་གྱི་ཡོད་པ་རེད།།

Share this:
༢༦ ཀློག་གྲངས།