མོན་གྷོ་རུ་ཟུར་སྦྱོང་འཛིན་གྲྭ།

mundgod_16_5_2012ཟླ་འདིའི་ཚེས་༡༥ ཉིན་གྱིི་ཞོགས་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ནང་པའི་རིག་གཞུང་ཚོགས་པ་དང་། སློབ་གྲྭ་ཐུན་མོང་གི་གོ་སྒྲིག་ཞུས་པའི་བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་ཐེངས་༡༧ པ་དེ་འགོ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

mundgod_16_5_2012

དེ་ཡང་ཟུར་སྦྱོང་ཐེངས་ ༡༧ པ་དེ་ཟླ་བ་གཅིག་གི་རིང་འཚོག་བཞིན་ཡོད་པ་དང་།  ཟུར་སྦྱོང་སློབ་ཁྲིད་དེའི་ནང་མཉམ་ཞུགས་བྱེད་མཁན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཁག་དགུའི་སློབ་ཕྲུག་འཛིན་རིམ་དང་པོ་ནས་བཅུ་པའི་བར་གྱི་སློབ་ཕྲུག་གྲངས་ ༢༢༠ ལྷག་ཡོད་པ་དང་། དེ་བཞིན་སྒོ་མང་གྲྭ་ཚང་རང་གི་སློབ་གཉེར་བ་ནང་ཁུལ་ནས་དགེ་རྒན་གྲངས་༡༢ གྱིས་དྭངས་བླངས་ཐོག་སློབ་ཚན་ཁག་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།  ཟུར་སྦྱོང་སྐབས་ཀྱི་སློབ་ཚན་དག་ནི་སུམ་རྟགས་དག་གསུམ་དང་། བོད་ཀྱི་ཐ་སྙད་གསར་པ་དང་འབྲེལ་བོད་སྐད་གཙང་མ་བཤད་རྒྱུ། ཡིག་གཟུགས་སྦྱོང་རྒྱུ། ནང་ཆོས་ངོ་སྤྲོད། ༧གོང་ས་མཆོག་གི་མཛད་རྣམ་སོགས་སློབ་ཁྲིད་གནང་གི་ཡོད་པ་མ་ཟད།  ༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱལ་བརྟན་ཆེད་དུ་རེས་གཟའ་ལྷག་པ་ནམས་ཡིན་ལ་དམར་ཟས་སྤངས་ཏེ་ཞབས་རིམ་གང་ཐུབ་བསྒྲུབ་རྒྱུ། བོད་རང་གི་ཐུན་མོང་མ་ཡིན་པའི་གོམས་གཤིས་ཆེད་རེས་གཟའ་ལྷག་པ་གང་ཡིན་ལ་བོད་ཆས་གྱོན་རྒྱུ། ད་དུང་དགེ་སློབ་ཡོངས་ཀྱི་བོད་སྐད་གཙང་མ་བཤད་རྒྱུ་མ་ཟད། གཞན་ལའང་བོད་སྐད་གཙང་མ་གསུང་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་བཅས་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད་འདུག །

མོན་གྷོ་གསར་འགོད་པས།

Share this:
༨༩ ཀློག་གྲངས།