གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བཀག་ཉར།

ཞི་བའི་གོམ་བགྲོད་བྱེད་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་གར་དང་བལ་ཡུལ་ས་མཚམས་ནས་གོམ་བགྲོད་བསྐྱར་དུ་འགོ་འཛུགས་བྱས་ཏེ། ཉིན་བརྒྱད་འགྲོ་བཞིན་པའི་སྐབས་སུ། དེ་རིང་ཞོགས་པའི་བལ་ཡུལ་གྱི་ཆུ་ཚོད་༧་༡༥ ་སྟེང་ཐམ་པོ་ཧྲན་ཟེར་བའི་ས་གནས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་འདུག

ཁོང་རང་གཅིག་པུས་བལ་ཡུལ་ནང་ཞི་བའི་གོམ་བགྲོད་བྱས་པ་ནས་ཉིན་རེར་སྤྱི་ལེ་ལྔ་བཅུ་རེར་གོམ་བགྲོད་བྱས་ཡོད་པ་དང་། ད་ཆར་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲུ་དང་སྤྱི་ལེ་ ༡༥ ་ལས་མེད་པའི་མཚམས་སུ་སླེབས་ཡོད་འདུག

Share this:
༡༩༢ ཀློག་གྲངས།