གྲྭ་པ་གསར་བསྡུའི་གསལ་བསྒྲགས།

༄༅། ། མཚུངས་མེད་རྒྱ་བལ་འབྲུག་གསུམ་སོགས་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ལ་བཞུགས་པའི་མི་མང་རྣམ་པའི་སྙན་དབང་དུ་ཞུ་གསོལ།

དགོངས་མངའ་བཞིན་འདི་ག་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་འདི་ཉིད་ནི། ༧རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་སྐུ་རིང་ནས་བཟུང་ད་བར་མི་ལོ་བཞི་བརྒྱ་ལྷག་ཙམ་གྱི་རིང་༧རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་མཁན་གྱི་གྲྭ་ཚང་དམིགས་བསལ་བ་ཞིག་ཏུ་གྱུར་པ་ནས་ད་བར༧རྒྱལ་དབང་མཆོག་གི་སྐུ་བཅར་ཞུ་སྒོ་ཁག་ཞུ་མུས་ཡིན་པར་སོང་། ༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་དང་། བླ་བྲང་དགའ་ལྡན་ཕྲོ་བྲང་གི་སྲི་ཞུའི་ལས་དོན་ཞུ་སྒོ་བཅས་པར་སྲི་ཞུ་སྒྲུབ་མཁན་གྱི་གྲྭ་རྒྱུན་གསར་པ་དགོས་གལ་ཤིན་ཏུ་ཆེ་བས་གཤམ་གསལ་ཆ་རྐྱེན།

༡ གྲྭ་ཚང་འདིའི་ནང་བསྡད་དེ་དགེ་འདུན་གྱི་སྡེ་སྤྱི་དང་། བྱེ་བྲག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྒྲིག་ལམ་ཀུན་སྤྱོད་དང་། བསླབ་པ་སློབ་གཉེར་སོགས་འཁུར་བབ་ཞུ་སྒོ་རྣམས་ཚུལ་བཞིན་ཞུ་རྒྱུའི་ལྷག་བསམ་དང་། ལྟོ་གོས་གཏམ་གསུམ་གྱི་ཆེད་མིན་པར་ཁ་ཞེ་གཉིས་མེད་ཀྱིས་མི་ཚེ་ཆོས་ཕྱོགས་སུ་སྐྱེལ་འདོད་ཡོད་པ། ༢ བོད་རིགས་གཙང་མ་ཡིན་པ། ༣ རང་ལོ་༡༠ ནས་༢༥ བར་ཡིན་ལ། དབང་པོ་སྐྱོན་ཅན་དང་། ལུས་ལ་འགོས་ནད། དྲི་ངན་སོགས་མེད་པ། ༤ དོལ་རྒྱལ་སྐོར་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པ། ༥ ཚོགས་སྡེ་སོགས་གང་རུང་ནང་གླེང་ལྷག་དང་། ཕྱིར་ཕུད་བྱས་རིགས་མིན་པ། བཅས་ཀྱི་ཆ་རྐྱེན་ཚང་རིགས་སྒྲིག་ཞུགས་བྱེད་འདོད་ཡོད་ན་འདི་ག་བཞུགས་སྒར་རྣམ་གྲྭ་ཡིག་ཚང་དུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།
བཞུགས་སྒར་རྣམ་གྲྭ་ཡིག་ཚང་ནས་ཕྱི་༢༠༡༢ ཟླ་༥ ཚེས་༢༢ ཉིན་ཕུལ།
འབྲེལ་བ་གནང་ཡུལ། ༩༢༡༨༤༡༤༧༧༧ །༩༢༡༨༤༡༥༧༧༧ །༩༢༡༨༤༡༦༧༧༧

Share this:
༢༡ ཀློག་གྲངས།