རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་རིམ་པ་ཐ་མ་གསུམ་པ།

football2_2012_6_1ཟླ་འདིའི་ཚེས་༢ ཉིན་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་རིམ་པ་ཐ་མ་གསུམ་པ་(Quarter-final)དེ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད། ཐོགས་མར་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་འགོ་འཛུགས་སྐབས་རྐང་སྤོལ་རུ་ཁག་༡༩ ཡོད་པ་རྣམས་རུ་ཁག་དྲུག་ལ་ཆ་བགོས་ཀྱི་རུ་ཁག་ནང་ཁུལ་དུ་རྩེད་འགྲན་བྱས་རྗེས་ད་ལྟ་རུ་ཁག་༨ ལྷག་ཡོད་པ་རེད།

རུ་ཁག་བརྒྱད་པོ་དེ་དག་ནི་དོན་འགྲུབ་གླིང་ཀ་ལ་མན་ཏོན། སྤོག་ར་བཀྲིས་འཕེལ་དཀྱིལ། བོད་ཁྱིམ་གཅིག་བསྒྲིལ། གོ་ཝ། ལྡི་ལི། གངས་ལྗོང་ཤི་ལོང་། ཀཏ་མན་གྲུ་འཕགས་ཤིང་། ཨོ་རི་ས་ཕུན་ཚོགས་གླིང་བཅས་ཡིན་པ་རེད།

football1_2012_6_1ཕྱི་ཚེས་ ༢ དང་ ༣ ཉིན་གཉིས་རིང་རུ་ཁག་བརྒྱད་པོ་དེ་དག་གི་ནང་ཁུལ་རྩེད་འགྲན་ཐེངས་གཅིག་བྱས་ཏེ་ཐོབ་མཁན་རུ་ཁག་བཞི་དེ་རིམ་པ་ཐ་མ་གཉིས་པ་ (Semi-final) ལ་འགྲོ་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༤ ཉིན་རྩེ་འགྲན་རིམ་པ་ཐ་མ་གཉིས་པའི་སྐབས་རུ་ཁག་བཞི་པོ་དེ་དག་ནང་ཁུལ་རྩེད་ཐེངས་གཅིག་བྱས་ཏེ་ཐོབ་མཁན་རུ་ཁག་གཉིས་དེ་ཕྱི་ཚེས་ ༥ ཉིན་ཐ་མའི་རྩེད་འགྲན་དེ་བྱ་རྒྱུ་ཡིན་པ་རེད།

ད་ལྟའི་ཆར་རྩེད་འགྲན་པ་སྤོ་ལོ་མང་ཤོས་བླུག་མཁན་དེ་ཨོ་རི་ས་ནས་ཡིན་པའི་རྐང་སྤོལ་བ་ཨང་བརྟགས་བདུན་པ་ བྱང་ཆུབ་རྒྱལ་མཚན་ཡིན་པ་དང་། ཁོང་གི་ད་བར་རྩེད་འགྲན་གཉིས་ནང་སྤོ་ལོ་བཞི་བླུགས་ཡོད་པ་རེད། སྤོ་ལོ་མང་ཤོས་བླུགས་མཁན་དེ་ལ་ཧིན་སྒོར་ ༥༠༠༠ གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད།།

football3_2012_6_1

Share this:
༧༣ ཀློག་གྲངས།