ཨོའུ་སི་ཊུ་ལི་ཡ་ལ་མེ་ཤོར་འདུག

        མེ་ཤོར་སའི་ས་ཁུལ་མང་ཆེ་བ་ཤིང་ནགས་དང་རྩྭ་ལྡུམ་མཐུག་པོ་ཡོད་ས་ཡིན་པས། ཐད་འཕུར་གནམ་གྲུས་མེ་གསོད་ཐབས་གཙོ་བོར་བྱས་པ་ལས་མེ་གསོད་རླངས་འཁོར་སོགས་དེ་ཙམ་བེད་མེད་ཆགས་ཡོད་པ་དང༌། ད་དུང་ས་ཁུལ་འདིའི་བྱང་ཤར་སོགས་ལ་མེ་ཤོར་རྒྱུའི་ཉེན་ཁ་མང་བས་གཞུང་མང་གཉིས་ཀྱིས་སེམས་འཚབ་བྱེད་བཞིན་ཡོད་འདུག
མེའི་གནོད་སྐྱོན་འོག་ཚེ་སྲོག་ཤོར་བ་དང་ཁང་ཁྱིམ་ཚིག་པ་སོགས་ལ་གཞུང་གིས་ཨ་སྒོར་ས་ཡ་ ༧ སྐྱོབ་གསོར་གནང་ཡོད་པ་དང༌། དེ་བཞིན་དབྱིན་ཇིའི་སྲིད་བློན་མཆོག་གིས་སྐྱོབ་གསོའི་རོགས་རམ་གནང་འཆར་ཡོད་སྐོར་སོགས་ཀྱང་གསལ་བསྒྲགས་གནང་ཡོད་པ་རེད། སྤྱིར་ཨོའུ་སི་ཊུ་ལི་ཡ་ལུང་པ་འདིར་མེ་སྐྱོན་མང་པོ་འབྱུང་སའི་ས་ཁུལ་ཡིན་པའི་གནས་ཚུལ་བརྒྱུད་བསྒྲགས་བྱས་ཡོད་པའི་ནང༌། ཕྱི་ལོ་ ༡༩༣༩ དང་ ༡༩༦༧ ༡༩༦༩ ༡༩༨༣ ༡༩༢༢ བཅས་ལ་ཁྱོན་མི་གྲངས་ ༢༩༠ ཙམ་གྱི་སྲོག་དང་ཁང་ཁྱིམ་ ༤༢༥༠ ལྷག་ཙམ་མེས་ཚིག་མྱོང་བའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༢༣ ཀློག་གྲངས།