ཧོང་ཀོང་ཁུལ་གྱི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ།

ཧོང་ཀོང་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཁག་གཉིས་ནས་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༩ ཉིན་ཧོང་ཀོང་ཁུལ་དུ་རྟེན་གཞི་བྱས་པའི་ཧོང་ཀོང་དང་བོད་མཉམ་བསྐྱོད་ཚོགས་པ་(UNFAT)ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཧོང་ཀོང་ས་གནས་ཡན་ལག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ་ཆེད། ཧོང་ཀོང་དང་རྒྱ་ནག་མཉམ་འབྲེལ་ལས་ཁུངས་ཀྱི་མདུན་དུ། བོད་ཀྱི་རྒྱལ་དར་དང་འཕྲེད་དར་འཕྱར་ཏེ་རྔམ་སྟོན་ཁྲོམ་སྐོར་དང་འབྲེལ་མང་ཚོགས་ཁྲོད་གཏམ་བཤད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག །

Share this:
༥༡ ཀློག་གྲངས།