གཅན་ཚ་རུ་རང་ལུས་མེར་བསྲེག་མཁན་སྐུ་གྲོངས།

chentsaདེ་རིང་ཞོགས་པ་མདོ་སྨད་གཙན་ཚ་རྫོང་ཐོག་ཏུ་བོད་མི་རྟ་མགྲིན་ཐར་གྱིས་རྒྱ་གཞུང་ལ་རང་ལུས་མེར་བསྲེཊ་ཀྱིས་ངོ་རྒོལ་བྱས་ཏེ། ད་ལྟ་རང་རྫོང་ཐོག་ཏུ་སྐུ་གྲོངས་པ་དང་། མི་མང་གིས་ཕུང་པོར་ཁ་བཏགས་འཐེན་ཏེ་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༥ ཞོགས་པ་བོད་ནང་གི་ཆུ་ཚོད་༦།༣༠ ཡས་མས་སུ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བའི་བོད་མི་རྟ་མགྲིན་ཞེས་པ་ཞིག་གིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། གཞུང་གི་ཉེན་རྟོག་པས་མེ་བསད་དེ་ཁོང་བཙན་ཁྲིད་བྱས་འདུག

chentsa1ས་གནས་དེའི་མང་ཚོགས་ཀྱིས་རྟ་མགྲིན་ཐར་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་པ་དང། མི་མང་འཛོམས་ཏེ་ངོ་རྒོལ་ཡང་བྱས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཁོང་ཕྱིར་ནང་མིར་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་པ་དང་། ད་ལྟ་སྐུ་གྲོངས་ཏེ་ཕུང་པོ་ཚུར་རྩི་སྤྲད་ཡོད་འདུག

རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲོན་ནི་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ ལོ་བ་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༤༠ ཙམ་ཡིན་འདུག ཁོང་གིས་ངོ་རྒོལ་བྱེད་ས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་ཡིན་འདུག །

chentsa3

chentsa2

Share this:
༡༠༡ ཀློག་གྲངས།