ཟིན་བྲིས་པ་རྣམས་ལ་གསལ་བསྒྲགས།

བོད་ཀྱི་བང་ཆེན་དྲ་རྒྱའི་ཟིན་བྲིས་པ་རྣམས་ལ་དགོངས་སེལ་དང་སྦྲགས་གསལ་བསྒྲགས་ཞུ་རྒྱུར། ཉེ་ཆར་བདུན་ཕྲག་གསུམ་ཙམ་ནས་བོད་ཀྱི་བང་ཆེན་ཟིན་བྲིས་ལ་གཏོར་རྒོལ་བའི་དུག་ཁབ་ Hacker Virus Injection  བརྒྱབ་པ་དང་། ཟིན་བྲིས་པ་རེ་ཟུང་གིས་དྲ་ལམ་བེད་སྤྱོད་གཏོང་ཤེས་མིན་གྱི་གནས་སྟངས་འོག  གནོད་འཚེ་ལྡན་པའི་ཨང་སྒྲིག་code མང་པོ་དྲ་རྒྱ་གཞན་ནས་བརྒྱུད་འགོད་བྱས་པ་བཅས་ཀྱིས་བཟོ་བཅོས་ཁག་པའི་གནས་ཚུལ་འོག་ལྷུང་སོང་ལ།  སྔར་གྱི་ཟིན་བྲིས་དག་བསྐྱར་འཇུག་བྱེད་པར་དཀའ་ངལ་རིམ་པས་འཕྲད་བཞིན་འདུག་པས། ཟིན་བྲིས་པ་ཡོངས་ཀྱིས་དེ་སྔོན་སྤེལ་ཟིན་པའི་ཟིན་བྲིས་རྙིང་པ་ཁག་དགོས་གལ་ཡོད་པ་རྣམས་ནས་གཤམ་གསལ་གློག་འཕྲིན་ཐོག་འབྲེལ་བ་གནང་ན། དེ་སྔོན་གྱི་ཟིན་བྲིས་རྣམས་ཆད་ལུས་མེད་པར་དྲ་ལམ་བརྒྱུད་འབུལ་ངེས་ཡིན།

ཟིན་བྲིས་པ་རྣམས་ཀྱིས་སླད་ཕྱིན་དྲ་རྒྱ་གཞན་ནས་རང་དང་གཞན་གྱི་རྩོམ་ཡིག་དང་གསར་འགྱུར་ཟིན་བྲིས་སུ་འདྲེན་བཀོད་བྱེད་སྐབས་ངེས་པར་དུ་ཐུགས་སྣང་གནང་དགོས་པ་ཞིག་ནི།

༡༽ ཐོག་མར་དྲ་རྒྱ་གཞན་ནས་བཤུས་རྗེས་ཁ་ཐུག་ཟིན་བྲིས་སུ་མི་བཀོད་པར་Microsoft word ནང་བླུག་ནས་Clear

formating ཟེར་བའི་ལག་ཆ་དེ་མནན་ནས་གཙང་མ་བཟོ་དགོས།

 

 

 

༢༽ དྲ་རྒྱ་གཞན་ནས་བཤུས་རྗེས་ཁ་ཐུག་ཟིན་བྲིས་སུ་བཀོད་ན་ཟིན་བྲིས་འབྲི་སའི་མགོར་Remove format

 

ཟེར་བའི་ལག་ཆ་དེ་མནན་ནས་གཙང་མ་བཟོ་དགོས།

༣༽ པར་རིས་འདྲེན་བཀོད་མ་བྱས་ན་བཟང་། ངེས་པར་དུ་འདྲེན་བཀོད་བྱེད་དགོས་ཆགས་ན། པར་རིས་དེའི་མིང་ལ་བར་སྟོང་མེད་པ་དགོས། མ་ཟད་པར་དེ་པར་བཟོའི་མཉེན་ཆས་ནང་པར་གྱི་སྐོར་Info ཟེར་བ་མནན་ནས་པར་དེ་ལ་ནད་དུག་ཡོད་མེེད་ལྟ་ཆོག་གི་རེད། དེང་སྐབས་ནད་དུག་ཡོང་སའི་བརྒྱུད་ལམ་ཁག་ནི་པར་རིས་Image དང་word fileཡིག་ཆ་pdf file བཅས་ཡིན་པས་ཡིད་གཟབ་གནང་དགོས།

གློག་འཕྲིན་ཁ་བྱང་།  gewatharpa@gmail.com

ངག་དབང་ཐར་པས།

Share this:
༧༥ ཀློག་གྲངས།