གཞི་རིམ་སྐར་རྩིས་རིག་པའི་ཟབ་སྦྱོང༌།

དེའི་སྐབས་གཙུག་ལག་སློབ་ཁང་འདིའི་གཙོ་འཛིན་ནམ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་ཡོད་པ་དང༌། རྒྱ་གར་གྱི་ཚན་རིག་མཁས་དབང་དང་སྐར་རྩིས་རིག་པའི་མཁས་དབང་དགུ། གཙུག་ལག་སློབ་ཁང་འདིའི་སྐར་རྩིས་སྡེ་ཚན་གྱི་འགོ་འཛིན་སློབ་དཔོན་བཀྲ་ཤིས་ཚེ་རིང་དང་རྩིས་དགེ་བྱམས་པ་ཆོས་འཕེལ་སོགས་ཀྱིས་ཟབ་ཁྲིད་གནང་ཡོད་པ་རེད། འདི་ནི་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་དབར་ལ་སྐར་རྩིས་རིག་པའི་ཟབ་སྦྱོང་ཐོག་མ་དེ་ཆགས་ཡོད་པ་དང༌། ཟླ་འདིའི་ཚེས་༩ ཉིན་མཇུག་བསྒྲིལ་ཡོད་པ་རེད།། ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

Share this:
༡༢༥ ཀློག་གྲངས།