དག་ཞིང་ཚང་མ་གངས་རི་ཏི་སེ་ལ་གཏུགས་འདུག

རྩོམ་ཡིག་འདི་ཡོང་ཁུངས་སེང་རྡོར་དྲྭ་བ།

རི་བོ་གངས་ཅན་རྒྱུད་ཀྱི་སྟག་གཟིག་འོལ་མོ་ལུང་རིང་འཚོལ་བའི་དཔྱད་ཞིབ་ཀྱི་སྐོར།

[ བན་ཤུལ་དཔལ་མཁར་རྒྱལ། ] [ 2012-5-9 ]

མི་རྣམས་ཀྱིས་དུས་རྒྱུན་དུ་འོལ་མོ་རིང་ལུང་གླེང་དུས་སེམས་སུ་དོགས་པ་ཅི་ རིགས་ ཤིག་འཆར་བཞིན་ཡོད་ལ་དེ་དང་ཆབས་ཅིག་འདྲ་མིན་གྱི་དཀའ་རྙོག་མང་བོར་འཕྲད་བཞིན་ ཡོད།

དེ་ནི་འོལ་མོ་ལུང་རིང་གིས་མཚོན་པའི་བོན་པོ་ཞིབ་འཇུག་གི་དུས་གསུམ་ལ་མཐུན་ རྐྱེན་དང་མཐོང་ཆེན་བྱས་པའི་མངོན་རྟགས་སུ་ཆེ་བ་ཞིག་ཡིན་ནའང་ང་ཚོ་དེ་ཙམ་གྱིས་ ཡིད་མ་ཚིམ་པར་ངེས་པར་དུ་ཉམས་ཞིབ་བྱེད་དགོས་པ་ནི་འོལ་མོ་ལུང་རིང་གིས་མཚོན་ པའི་བོན་གྱི་རིག་གནས་དང་ལོ་རྒྱུས་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དྲང་བདེན་དང་ རིགས་ལམ་ཡང་དག་གི་ཐབས་ལ་བརྟེན་ནས་བོད་གདོད་མའི་དུས་ནས་བརྩམས་པའི་ཡུལ་སའི་ རིག་གནས་ཁྱད་པར་བ་འདིའང་གངས་ཅན་གཙུག་ལག་ཆེན་པོའི་མཛེས་རྒྱན་དུ་བཤམས་པར་ རིགས་སོ་ཞེས་བརྗོད་འདོད་ཀྱི་གཏམ་སྔོན་དུ་ལྒིང་ནས་སྐབས་བབ་ཀྱི་དཔྱད་བྱར་ འཇུག་པ་ལ། 
སྤྱིར་ན་བོན་གྱི་འོལ་མོ་ལུང་རིང་ལ་དབྱེ་བ་གཉིས་ཏེ་བསམ་པའི་སྟེང་གི་དག་ཞིང་ འོལ་མོ་ལུང་རིང་དང་ཕྱི་དངོས་པོའི་ཆ་ནས་མིག་ལ་ བསྟན་རྒྱུ་ཡོད་པའི་འོལ་མོ་ལུང་རིང་གཉིས་ཡོད་པ་ལས་འདི་གཉིས་ཕན་ཚུན་འགལ་དགོས་ བའི་ངེས་པ་གཏན་ནས་མེད་ནའང་ཞིབ་འཇུག་གི་གོ་རིམ་ཁྲོད་ཕན་ཚུན་གྱི་ཁྱད་ཆོས་ཉྭ་ ཉུང་མཉམ་བསྲེས་བྱས་པའི་དབང་གིས་དོགས་པ་དང་དཀའ་རྙོག་གི་བརྒྱུད་རིམ་ངེས་ཅན་ ཞིག་   ཆགས་ཡོད་དེ་དེའི་རྒྱུ་མཚན་ནི་ཀུན་མཁྱེན་ཤར་རྫ་བས་“ཏི་སེ་ལ་ཡོན་ཏན་གྱི་དབུས་ སྟག་གཟིག་ན་ཡོད་པའི་ཏེ་སེ་དང་། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས་ལུང་འདིའི་ཏི་སེ་དང་མཚོ་མ་ པང་སྤོས་རི་ངད་ལྡན་སོགས་ནི་སྟག་གཟིག་ན་ཡོད་ལ། ཆུ་བོ་བཞི་ཡང་སྟག་གཟིག་ནས་འབབ་ཅིང་། དེ་ནས་རྒྱ་གར་ལ་འབབ་པ་དེའོ”()ཞེས་  འཛམ་གླིང་གི་གནའ་བོའི་ཆོས་ལུགས་མང་བོ་ཞིག་གིས་གཅིག་མཐུན་དུ་དད་མོས་བྱེད་ བཞིན་པའི་གནས་ཆེན་གངས་དཀར་ཏི་སེ་ལའང་གཉིས་ཡོད་པར་བཤད་པ་ནི་བསམ་པའི་སྟེང་གི་ དག་ཞིང་འོལ་མོ་ལུང་རིང་དང་དངོས་པོའི་སྟེང་གི་འོལ་མོ་ལུང་རིང་གཉིས་ལ་འབྲེལ་ བ་ངེས་ཅན་ཞིག་ཡོད་པར་འདོད་ལ་དེའི་དབྱེ་བས་དྲངས་བའི་དག་ཞིང་འོལ་མོ་ལུང་རིང་ ནི“དེ་ཡང་འཛམ་བུ་གླིང་འདི་ན་ངོ་མཚར་གྲགས་སུ་རུང་བ་ནི། འཛམ་གླིང་ཐད་དྲང་ལ། དབུས་ཀྱི་ཐད་དྲང་ཀྱི་ནམ་མཁའ་ལ་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་པང་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ལྟར་བར་སྣང་ལ་གནས་པའི་རི་མཚོ་བྲག་ཤིང་དེ་རྣམས་ནི་སྒྲིབ་པ་མེད་པ་དང་རྫུ་ འཕྲུལ་གྱི་ཞབས་ཡོད་པ་མིན་པས་མི་མཐོང་།”()ཞེས་བོན་གྱི་ཡིག་ཚང་དག་ན་ཞིབ་པར་ འཁོད་མོད་འདིས་ཀྱང་འོལ་མོ་ལུང་རིང་ངོས་འཛིན་པའི་ཐད་ལ་དཀའ་རྙོག་ངེས་ཅན་ཞིག་ བསྐྲུན་འདུག་ནའང་སྐྱོན་མེད་དེ། འདི་ནི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་གི་ཁྱད་ཆོས་ཡིན་ལ་མི་རྣམས་ ཀྱིས་བསམ་པའི་དག་ཞིང་དུ་མཐོང་བ་ཐམས་ཅད་འཇིག་རྟེན་འདིའི་སྟེང་གི་ས་གནས་གང་ རུང་ཞིག་ལ་གཏན་འཁེལ་ཞུ་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཡིན་པས“སྤྱི་ལོ ལོའི་ཡར་སྔོན་ལ་དག་སྣང་ཅན་མང་བོ་ཞིག་འོལ་མོ་ལུང་རིང་ལ་མཇལ་བསྐོར་དུ་འགྲོ་ བཞིན་ཡོད་ནའང་། ངས་དེ་ཚོ་གཅིག་ཀྱང་ཕྱིར་ལོག་པའི་གནས་ཚུལ་མ་ཐོས། ཀུན་གྱིས་དེ་དག་ཕལ་ཆེར་ཨུ་རུ་སུའི་མཐའ་ཁུལ་ནས་འདས་སོང་བའི་ཚོད་དཔག་བྱེད་ བཞིན་ཡོད”()ཅེས་པའི་སྣང་ཚུལ་བྱུང་བ་རེད་སྙམ། དེ་བཞིན་བོན་གྱི་སྟོན་པའི་སྐྱེ་སྒོ་གཅོད་པའི་   མདོ་ལས་ཀྱང“འོལ་མོ་ལུང་རིངས་གནས་སུ་སྐྱེ་བར་ཤོག། ལུས་ངན་འཁོར་བའི་ལས་སུ་མི་སྐྱེ་ཞིང་།”()ཞེས་གསུངས་པ་དེའང་བསམ་པའི་སྟེང་གི་ དག་ཞིང་འོལ་མོ་ལུང་རིང་ཡིན་རྒྱུ་ལས་སྟོན་པ་གཤེན་རབ་མི་བོ་ཆེ་ཉིད་ཀྱི་ འཁྲུངས་ཡུལ་འོལ་མོ་ལུང་རིང་དེ་ཡིན་ན་རིགས་པའི་སྟེང་  ནས་གནོད་བྱེད་དང་རྩོད་རྙོག་མང་བོ་འབྱུང་སྲིད་ལ་སྤྱིར་བསམ་པའི་སྟེང་གི་དག་ ཞིང་འོལ་མོ་ལུང་རིང་ལས་འཕྲོས་བའི་ཁྱད་ཆོས་སོགས་འོལ་མོ་ལུང་རིང་མེད་པའི་ སྒྲུབ་བྱེད་དུ་མི་འགྲོ་བ་ནི་ཞིབ་པར་བསམ་  པའི་གནས་སོ།
དེ་བཞིན་དངོས་བོའི་ཆ་ནས་བསྟན་རྒྱུ་ཡོད་པའི་འོལ་མོ་ལུང་རིང་དེའང་ཞིབ་འཇུག་ གི་གོ་རིམ་ཁྲོད་ན་དཀའ་རྙོག་ཆེ་བ་ཞིག་ཏུ་བརྗོད་  འདུག་པ་ནི་གོང་གསལ་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་དང་དབྱེར་མེད་ ཀྱིས་འགྲེལ་བཤད་བརྒྱབ་པ་ལས་བྱུང་བ་ཞིག་མ་   གཏོགས་བོན་མདོ་གཟེར་མིག་ན“ནུབ་ཕྱོགས་འཇིག་རྟེན་གྱི་གླིང་། ཆུ་བོ་ཆེན་པོ་བཞིའི་འགོ ལྷོ་འཛམ་བུ་གླིང་མིག སོག་ཀ་སྣོད་ཀྱི་འཇིག་   རྟེན་གྱི་སྐྱབས། གངས་བཟང་བོ་མདུད་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩར། བྲག་སེང་གེ་རྒྱབ་བསྣོལ་གྱི་བར། ས་པད་མ་འདབ་  བརྒྱད་ཀྱི་སྟེང་། གནམ་འཁོར་ལོ་རྩིབས་དགུའི་འོག ཤིང་གཞའ་ཚོན་ འོད་འབར་གྱི་གསེབ། རྩ་མེ་ཏོག་སྣ་ཚོགས་ཀྱི་ནགས། གསོས་བདུད་རྩི་སྨན་གྱི་ཚལ། གནས་རིན་པོ་ཆེའི་འབར་བའི་མཁར། ཡུལ་དེའི་མིང་ནི་འོལ་མོ་ལུང་རིངས”()ཞེས་འབྱུང་བ་དེའི་སའི་ཁྱད་ཆོས་སོགས་གང་ ལ་དཔྱད་ཀྱང་ལྷོ་འཛམ་བུ་གླིང་གི་དཀྱིལ་སྙིང་གངས་ཅན་ཡུལ་གྱི་སའི་ཆ་ཤས་ཞིག་ ཡིན་རྒྱུ་ལས་འོས་མེད་ལ་ལུང་དེའི་ནང་གི་ཆུ་བོ་ཆེན་པོ་བཞི་སོགས་གནས་ཀྱི་བཀོད་ པ་དང་ཁྱད་ཆོས་དེ་དག་ཀྱང་གངས་རི་ར་བས་བསྐོར་བའི་བོད་ཡུལ་དུ་བཙལ་ན་དངོས་སུ་ རྙེད་རྒྱུ་ཡོད་པ་ཞིག་ཡིན་ཞིང་བཅའ་ཡིག་ཕྱོགས་བསྒྲིགས་ལས“དེ་ཡང་མངའ་རིས་འོལ་ མོ་ལུང་རིང་དུ་སྲིད་བཟུང་བ་བོན་གྱི་སྟོན་པ་གཤེན་རབ་རྗེས་འབྲང་དང་བཅས་པ”() ཞེས་འབྱུང་བའི་ལུགས་ལྟར་བྱས་ན་གོང་གསལ་བོན་གྱི་  སྟོན་པ་གཤེན་རབ་མི་བོ་ཆེ་ མཆོག་གི་འཁྲུངས་ཡུལ་འོལ་མོ་ལུང་རིང་དེ་ཉིད་ཀྱང་བོད་ཀྱི་མངའ་རིས་སྐོར་གསུམ་ གྱི་ས་ཆ་འདི་ཡིན་པ་ཤིན་ཏུ་གསལ་ལ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ ལེགས་བཤད་མཛོད་ན་ཞིང་མདོའི་ལུང་དྲངས་བར“ཞིང་དེ་ན་སྐྱེས་བའི་མི་རྣམས་ཀྱི་ ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ་མོ། བསོད་ནམས་ནི་ བསོད་ནམས་སྐྱེས་ཀྱི་ལྷ་དང་མཉམ་མོ། དགའ་བ་ནི་དགའ་ལྡན་གྱི་ལྷ་ དང་མཉམ་མོ། དཔལ་འབྱོར་ནི་གནོད་སྦྱིན་གྱི་གྲོང་ཁྱེར་དང་མཉམ་མོ། ཡོན་ཏན་ནི་བར་ལྷ་འོད་གསལ་གྱི་ལྷ་དང་མཉམ་མོ། ཡུལ་དེར་སྐྱེས་བའི་མི་རྣམས་ཀྱང་། ཚེ་སྔ་ཕྱི་དྲན་པ། ལས་དགེ་སྡིག་ཤེས་པ། ཁྲེལ་ཡོད་པའི་ངོ་ཚ་དང་ལྡན་པ། དགེ་བ་ལ་དད་པ། བྱམས་སྙིང་རྗེ་དང་ལྡན་པ་ཤ་སྟག་གོ།”()ཞེས་འབྱུང་བ་ལས་འོལ་མོ་ལུང་རིང་ནི་ལྷ་ ཡུལ་དང་  གནོད་སྦྱིན་གྱི་ཡུལ་སོགས་གང་ཡང་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་གནས་ཡུལ་ཞིག་ ཡིན་པར་བསྟན་པ་དང་དེར་མ་ཟད་སངས་རྒྱས་     བསྟན་པའི་དགོངས་བ་ཚེ་སྔ་ཕྱི་དང་ལས་དགེ་སྡུག་སོགས་ཀྱི་འབྲས་  བུར་སྤྱོད་པའི་ཆ་ནས་ཀྱང་འདིར་བསྟན་གྱི་ཡུལ་འདི་ནི་འཛམ་གླིང་  སའི་ལྟེ་བར་ཆགས་པའི་བོད་ཀྱི་ཡུལ་་གྲུ་འདི་ཡིན་པའི་སྒྲུབ་བྱེད་གལ་ ཆེན་རྙེད་ཐུབ་པ་ཞིག་རེད་དོ།།
ལེགས་བཤད་མཛོད་ན“ཞིང་ཁམས་འདི་ལ་མཚན་གྱི་རྣམ་གྲངས་  ཀྱང་རྒྱ་གར་གྱི་མི་རྣམས་ཀྱིས་ཤམ་བྷ་ལ། ཞང་ཞུང་གི་མི་རྣམས་ཀྱིས་  སྟག་གཟིག་ཁྲོམ་གྱི་ཡུལ། བོད་མི་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་ རིང་། ཨོ་རྒྱན་ཀྱི་མི་རྣམས་ཀྱིས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཟེར་རོ།”()ཞེས་འོལ་ མོ་ལུང་རིང་ལ་མཚན་གྱི་རྣམས་གྲངས་འགའ་ཤས་    བཀོད་པ་འདིའི་སྟེང་ནས་དཔྱད་ནའང་ད་ལྟ་བན་བོན་གྲུབ་མཐའི་   གཞུང་ལུགས་སོ་སོ་ནས་མངོན་པའི་གནས་འདི་དག་ལ་འབྲེལ་བ་ངེས་ཅན་ཞིག་སྣང་བ་ཤིན་ ཏུ་གསལ་ཏེ་རྗེ་མན་ལུང་བས“མངའ་རིས་མང་ཡུལ་ནས་སྟོད་ཧོར་གྱི་རྒྱལ་ཁམས་དང་སོག་ སྡེ་འགའ་ཞིག་བརྒལ་ཏེ་  ཕྱིན་ན་ཡུལ་འདིའི་ལྟེ་བར་ཡང་ལོ་གཉིས་གསུམ་གྱིས་སླེབས་པར་     བཤད”()ཅེས་ཤམ་བྷ་ལའི་གནས་ཡུལ་གྱི་ཕྱོགས་ཙམ་བསྟན་པ་དང་དེར་མ་ཟད་པཎ་ཆེན་དཔལ་ ལྡན་ཡེ་ཤེས་ནས་ཀྱང“མདུན་ཆུ་བོ་སི་ཏའི་ཕྱོགས་ལ་བསྟན་པའི་གཡས་ཕྱེད་མ་དེ་ཤམ་ བྷ་ལའི་ཡུལ་ཆེན་པོ་ཡིན་ནོ”()ཞེས་འབྱུང་བར་དཔྱད་ན་སངས་རྒྱས་ཆོས་ལུགས་པའི་དག་ ཞིང་ཤམ་བྷ་ལའང་སྟོད་མངའ་རིས་ནས་རྒྱ་གར་ལ་འབབ་པའི་ཆུ་ཆེན་བཞིའི་ཡ་གྱལ་ཆུ་བོ་ སི་ཏིའི་ཕྱོགས་ ཅིག་ཡིན་པར་བསྟན་ཡོད་པས་བོན་གྱི་འོལ་མོ་ལུང་རིང་དང་འདི་གཉིས་ས་ཆ་གཅིག་གི་ ཕྱོགས་སུ་ཁེལ་ཡོད་པ་དང་དེ་བཞིན་བོན་གྱི་བསྟན་རྩིས་ན“ནུབ་ཕྱོགས་སྟག་གཟིག་  ཤམ་བྷ་ལར།། ཡངས་བ་ཅན་གྱི་གྲོང་ཁྱེར་ཞེས།། རྩ་གསུམ་ལྷ་གནས་   འཕོས་ལྟའི་དབུས་།། ཕོ་བྲང་བར་བོ་སོ་བརྒྱད་དུ།། བྱམས་མའི་རྣམ་   འཕྲུལ་རྒྱལ་བཞད་མའི།། ལྷུམས་སུ་ཞུགས་ནས་ཟླ་དགུ་དང་།།”()  ཞེས་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་ཡུལ་ཡང་ཤམ་བྷ་ལ་ཡིན་པར་བསྟན་པ་སོགས་གུང་ བསྒྲིགས་ནས་དཔྱད་ན་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་ཡུལ་འོལ་མོ་ལུང་རིང་དང་ སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་སོགས་ཀྱི་གཞུང་ནས་གསུང་བའི་ཤམ་བྷ་ལ་གཉིས་ མིང་བཏགས་སོ་སོར་ནང་སྣང་བ་མ་གཏོགས་དོན་གཅིག་གི་སྟེང་དུ་འབབ་པར་འདོད་ལ་དེ་ བཞིན་མངོན་པ་མཛོད་ན་འཛམ་བུ་གླིང་ངོས་འཛིན་དུས་“འདི་ནས་བྱང་དུ་རི་ནག་པོ།དགུ་ འདུས་ གངས་རིའོ་དེ་ནས་ནི།སྤོས་ངད་ལྡིང་བའི་ཚུ་རོལ་ན།ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ།” ()ཞེས་དང་། ཡང་བཀའ་ཐང་སྡེ་ལྔ་ལས་“མིའི་ཆད་ཁུངས་རྒྱལ་བོའི་བྱོན་ཚུལ་ནི།འཛམ་གླིང་སྙིང་ བོ་རྒྱ་གར་རྡོ་རྗེ་གདན།རྡོ་རྗེ་གདན་ནས་བྱང་ཕྱོགས་བཙལ་བ་ན།རི་ནག་དགུ་འདས་ཕ་ རོལ་གངས་ཏི་སེ།། གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན།དེ་གཉིས་བར་ན་མ་དྲོས་མཚོ་ཆེན་ཡོད།།”() ཅེས་འབྱུང་བ་དང་བོན་གྱི་མདོ་འདུས་ན་“འཛམ་བུ་གླིང་གི་ནུབ་བྱང་ ན།། མུ་འཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས།། འཛམ་བུ་བྲིཀྵ་ ཤིང་གི་རྩ།། རི་བོ་གངས་ཅན་ཏེ་སེའི་དྲུང།། མཚོ་ནི་མ་སྤང་གཡུ་མཚོའི་འགྲམ།།  ཆུ་བོ་ཆེནཔོ་བཞི་ འདུསའགོ།། སྤོས་རི་ངད་ལྡན་ཉེ་བའི་ས།། རི་ནག་དགུ་འདུས་ར་བ་སྟེ།། ཆུ་བོ་པཀྵ་སི་རྡུས་བཅད།། དུས་གསུམ་  སྟོན་པ་བྱོན་པའི་ཞིང་།།་”()ཞེས་དང་། ཡང“གཤེན་ཡུལ་འོལ་མོ་   ལུང་རིང་ནི།དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ།གླིང་བཞི་རི་རབ་ཚུལ་དུ་གྲུབ།”()ཅེས་ འབྱུང་བའི་ས་སྐོར་ངོས་འཛིན་སྐོར་ཐད་འབྲེལ་བ་ཆེན་པོ་ཡོད་དེ་མངོན་པ་མཛོད་དང་ སྡེ་ལྔ་ནས་འཛམ་བུ་གླིང་གི་ཆོས་གྱི་ཁྱད་པར་བཤད་པའི་སྐབས་འཛམ་བུའི་གླིང་གི་ དབུས་རྒྱ་གར་རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དཔལ་དང་ ལྡན་པ་ཡོད་ལ་དེ་ནས་བྱང་ན་སྤོས་རི་ངད་ལྡན་ཡོད་པ། ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་སོགས་ཡོད་པར་གསུངས་བ་དེ་ཉིད་བོན་གྱི་ བསྟན་བཅོས་གྲགས་ཅན་མདོ་འདུས་ནས་ཀྱང་ཇི་བཞིན་སྤོས་རི་ངད་ལྡན་དང་ཉེ་བའི་ས་ན་ རི་ནག་དགུ་འདུས་ར་བ་ཡོད་ལ་དཔག་ ཚད་ལྔ་བཅུའི་ཆུ་ཞེང་མཉམ་པ་དང་གླིང་བཞི་རི་རབ་ཚུལ་དུ་གྲུབ་པའི་འོལ་མོ་ལུང་ རིང་སོགས་ཕན་ཚུན་བསྡུར་བས་དེ་རྣམས་ལ་འབྲེལ་བ་ངེས་ཅན་རེ་ཡོད་པ་གསལ་བོར་ རྟོགས་ནུས་སོ།དེ་བཞིན་བོན་གྱི་     མཛོད་ཕུག་ལས་འཛམ་བུའི་གླིང་གི་སྐོར་ལ་གཞིགས་ན་འཛམ་བུ་གླིང་གི་གཡས་གཡོན་ན།ཁ་ སློ་དང་ནི་སྦྲེལ་རྒྱུ་གཉིས།ངོས་སུམ་གོང་གི་ཆ་ གསུམ་ཏེ།དཔག་ཚད་དག་ནི་ཉིས་སྟོང་ཡོད།རྣིལ་དང་རྦང་གི་ཕ་རོལ་ན།ཤིམ་ཕོད་ནོམ་ པའི་ཚུ་རོལ་ན། དང་ར་མལ་དྲོ་མུར་ཟངས་གནས།()ཅེས་འབྱུང་ལ་འཛམ་བུའི་གླིང་གི་གཡས་གཡོན་དུ་ཡོད་ པའི་ དང་ར་མལ་དྲོ་ནི་སྟོད་མངའ་རིས་ཕྱོགས་ཀྱི་ས་གནས་ཞིག་ཡིན་པ་འབེལ་སྙིང་ལས“འོན་ ཀྱང་ད་ལྟའི་སྐབས་སུ་སྟོད་ཕྱོགས་ཀྱི་ས་གནས་ཀྱི་རི་ལུང་པ་ ཆུ་སོགས་ཀྱི་མིང་སྔར་བཞིན་བསྡད་པ་དཔེར་ན། རྒྱུང་དགུ་ དང་། དྭ་རོག དྭང་ར། སྟ་སྒོ མ་མིག རུ་ཐོག ཏི་ཙེ། གུ་གེ ཁ་རྩེ། རི་ཏི། ཟ་ལངས། མ་པང་། ཏིང་རྩེ། ཡི་ཏི། ཏི་འོ་བ། སུ་སྨུར་སོགས་མང་བོ་   ཡོད་ཅིང”()ཞེས་དང་། ཡང་བོན་གྱི་དཀར་ཆག་ཞིག་ན“མ་པང་གཡུ་ཡི་མཚོ་མོ་དེ།བདུད་རྩི་ངད་ཀྱི་ཟིལ་བ་ཆགས། རྒྱ་མཚོ་ཆེན་པོ་  འཁྱིལ་བ་ལ།མལ་གྲོ་ཀླུའི་ཕོ་བྲང་བཅས།ཟི་ཅན་ཞེས་སུ་དེ་ནས་     གྲགས”()ཅེས་འབྱུང་བ་རྣམས་གུང་བསྒྲིགས་པ་ལས་གོང་གསལ་མཛོད་ཕུག་གི་ལུང་དེས་ གསལ་བར་བསྟན་པའི་ཡུལ་དེ་དག་ཀྱང་བོད་ཀྱི་མངའ་རིས་ས་ཁུལ་དེ་ཡིན་པ་རྟོགས་ནུས་ སོ།འོ་ན་གོང་གསལ་རྣམས་ནི་འཛམ་བུའི་གླིང་གི་ས་སྐོར་དང་འབྲེལ་བའི་ཁྱད་ཆོས་ལས་ སྐབས་བབ་ཀྱི་འོལ་མོ་ལུང་རིང་ལ་འབྲེལ་བ་ཅི་ཡོད་ཟེར་ན། མདོ་དྲི་མེད་གཟི་བརྗིད་ལས“མི་མཇེད་འཇིག་རྟེན་ལྷོ་འཛམ་བུ་གླིང་གི་མིག  སོག་ཀ་བོན་གྱི་འབྱུང་གནས། གནས་མཆོག་གི་དམ་པ་འོལ་མོ་གླིང་ཆེན་གྱི”()ཅེས་འབྱུང་བ་བཞིན་ཞིང་མཆོག་འོལ་མོ་ ལུང་རིང་ནི་འཛམ་བུའི་གླིང་མིག་སྟེ་དཀྱིལ་སྙིང་དུ་ཡོད་པར་བཤད་པས་འཛམ་བུའི་ གླིང་གི་ཁྱད་ཆོས་འོལ་གླིང་གི་ཁྱད་ཆོས་ལྟ་བུར་ཆགས་པ་ནི་ཡ་མཚར་སྐྱེས་ དགོས་པ་ཞིག་མ་རེད་དེ་ཏུན་ཧོང་ཡིག་རྙིང་ན“གནམ་གྱི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་བོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང་། ཡུལ་བཟང་།”()ལྟ་བུའི་གནས་ཀྱི་ཁྱད་ཆོས་དེ་  དང་། འཛམ་བུའི་གླིང་དང་འོལ་མོ་ལུང་རིང་། གངས་ཅན་ཡུལ་སོགས་ཀྱི་ཁྱད་ཆོས་ཕྱོགས་བསྡུས་བྱས་ཡོད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་ པ་རེད། དེར་མ་ཟད་གནས་ཀྱི་ཁྱད་ཆོས་དེ་རིགས་ཀྱི་བཤད་པའི་རྒྱུན་གནའ་ནས་ད་ལྟའི་བར་ དམངས་ཁྲོད་ནས་སྲུང་འཛིན་བྱས་ཡོད་པར་མཐོང་སྟེ་དེ་ཉིད་དཔེ་གཅིག་གིས་གསལ་བཤད་ བྱས་ན་“གནམ་འཁོར་ལོ་    རྩིབས་བརྒྱད་གདུག་ཕུབ་པ་ལྟ་བུའི་འོག། ས་པད་མ་འདབ་བརྒྱད་གདན་གཏིང་བ་ལྟ་བུའི་སྟེང་།”()ཞེས་ཏི་སེའི་དཀར་ཆག་ན་     གསལ་བའི་ཁྱད་ཆོས་དེ་བོད་ཀྱི་ངག་རྩོམ་ན“གནམ་འཁོར་ལོ་རྩིབས་  བརྒྱད་འོག་གི། ས་པད་མ་འདབ་བརྒྱད་སྟེང་ནས།བོད་མི་ཡུལ་འཇིག་རྟེན་ཁམས་ཀྱི།”()ཞེས་འབྱུང་བ་ གཉིས་ཞིབ་མོར་བསྡུར་བ་ལས་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་རྟོགས་ནུས་ པ་ཞིག་   རེད།
དེ་ལྟར་ཞིབ་པར་དཔྱད་ལོང་མེད་པའི་བབས་དང་བསྟུན་ནས་ད་ནི་སྟག་གཟིག་དང་འོལ་མོ་ ལུང་རིང་གི་འབྲེལ་བར་དཔྱད་པ་གཏོང་་དགོས་སྟེ་སྤྱིར་ན་སྟག་གཟིག་ཅེས་པའི་ཐ་ སྙད་ལ་ཏ་ཟིག་དང་རྟག་གཟིགས་སོགསའབྲི་སྟངས་མི་མཐུན་པ་འགའ་རེ་འབྱུང་ཡང་དེ་ནི་ བོན་ལུགས་ལྟ་བ་འཛིན་མཁན་རྣམས་ཀྱིས་ཕྱིས་སུ་མངོན་སུམ་དུ་བཅོས་པར་མཐོང་བས་ འདིར་རེ་ཞིག་དེ་ཉིད་ལ་ཞིབ་དཔྱད་གཏོང་རྒྱུའི་དགོས་པ་རྗེས་སུ་བཞག་ནས་ཇི་སྐད་ དུ་བོན་གྱི་ཤེས་རིག་མཁས་ཅན་ནམ་མཁའ་ནོར་བུས“བོན་དུ་གྲགས་ཆེ་བའི་སྟག་གཟིག་དེ་ པར་སིག་དངོས་ལ་ངོས་འཛིན་སྲོལ་མེད་པ་འདྲ”()གསུངས་བ་བཞིན་བོན་གྱི་སྟག་གཟིག་ གི་ཡུལ་དེ་ཉིད་སྐབས་འདིའི་དམིགས་བྱ་དངོས་ཡིན་ལ་མི་རྣམས་ཀྱིས་སྟག་གཟིག་འོལ་ མོ་ལུང་རིང་ཞེས་འབོད་དུས་སྟག་ གཟིག་དང་འོལ་མོ་ལུང་རིང་གཉིས་སྤྱི་བྱེ་བྲག་དང་ཡན་ལག་དང་ཡན་ལག་ཅན་གྱི་ འབྲེལ་བའི་ངོས་ནས་དཔྱད་པ་བཏང་བ་ཡིན་ན་གོང་ གསལ་དེ་འདྲ་ཞིག་འབྱུང་དོན་མེད་དེ་སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཡུལ་འོལ་ མོ་ལུང་རིང་སྐབས་འགའ་ཤས་སུ་སྟག་གཟིག་ཅེས་ འབོད་དེ་བོན་གྱི་བཀའ་འགྱུར་དཀར་ཆག་ན“འཛམ་གླིང་ནུབ་ཕྱོགས་སྟག་གཟིག་རྒྱལ་ བོའི་ཡུལ།དམུ་རིགས་རྒྱལ་པོ་རྒྱལ་བོན་ཐོད་དཀར་ དང་།ཡོ་ཕྱི་རྒྱལ་བཞད་སྟང་དང་དཔྱལ་ཚོགས་པའི།ལྷུམས་སུ་      ཞུགས་ནས་སྐྱེ་བ་བཞེས་པ་དང་།”()ཞེས་འབྱུང་བས་གསལ་བོར་ཤེས་ཐུབ་ལ་སྟག་གཟིག་ ཅེས་པར་ཁ་ཅིག་གིས་སྒྲ་བཤད་དང་ངོས་འཛིན་སྣ་ཚོགས་བྱེད་བཞིན་ཡོད་ནའང་བོན་དུ་ གྲགས་ཆེ་བའི་སྟོན་པའི་འཁྲུངས་ཡུལ་གྱི་སྟག་གཟིག་དེ་ནི་ཡུལ་ཆེན་པོ་བཅོ་བརྒྱད་ ཀྱི་ནང་གསེས་སུ་ གྲགས་པ“ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས”()  ཞེས་པའི་ཁྲོད་ཀྱི་སྟག་སྡེ་རྔམ་ལུང་དང་གཟིག་འཕེན་འཇིགས་པ་ཞེས་པ་གཉིས་བསྡུས་ པས་སྟག་གཟིག་ཏུ་གྲུབ་པར་བདག་གིས་འདོད་ལ་ གོང་གསལ་གྱི་ལུང་དེ་ཉིད་ལ་གཞིགས་ན་དེ་གཉིས་ནི་སྐབས་དེའི་བོད་ཀྱི་མངའ་སྡེ་ གཉིས་ཡིན་པའང་གསལ་བོར་རྟོགས་ནུས་ལ་དེའི་ཁྱད་ཆོས་ཀྱང་རྒྱའི་བཙུན་པ་ཞོན་ཙང་ གི་ལམ་ཡིག་ན་“སྟག་གཟིག་པ་རྣམས་ནི་ཤ་ཁྲག་ལ་ ལོངས་སྤྱོད་ཅིང་གསོད་གཅོད་ལ་མི་འཛེམས་པ། ཕྱིང་བའི་གུར་ལ་གནས་ཤིང་རྟ་ཕྱུགས་ཀྱི་ཆེད་དུ་རྩ་ཆུ་བཟང་སར་སྤོ་ཞིང་སྡོད་ པ་ གནས་གཅིག་ལ་ངེས་བ་མེད་པའོ”()ཞེས་འབྱུང་བ་དེ་བཞིན་  ཡིན་ཡང་ཞིབ་པ་མང་བར་དོགས་ནས་མི་འབྲི་ལ་འོ་ན་ཁྱོད་ཀྱིས་སྟག་གཟིག་དེ་ཞིབ་ འཇུག་པ་གཞན་དང་མི་འདྲ་བར་བོད་ཀྱི་མངའ་སྡེ་ཞིག་ལ་ངོས་འཛིན་བྱེད་པའི་སྒྲུབ་ བྱེད་གང་ཡིན་ཟེར་ན། བོན་སྒོ་ལས“སྟག་གཟིག་དང་ཞང་ཞུང་ཞེས་པའི་འདོད་ཚུལ་ཐ་དད་བྱུང་ཡང་སྟག་གཟིག་ཞང་ ཞུང་གི་མངའ་ཁུངས་ཕུགས་པར་གྲངས་འདྲེན་བྱས་ཡོད” ()ཅེས་དང་། འབེལ་གཏམ་ལུང་སྙིང་ལས“དེ་ལ་སྟག་གཟིག་གི་ཡུལ་ལམ་ཞང་ཞུང་སྒོ་བར་མའི་ཡུལ་ཡང་ འབོད་པའི་གནས་སུ”()ཞེས་དང་། ཡང་རྒྱལ་རབས་བོན་གྱི་འབྱུང་གནས་ན་“དང་བོ་སྟག་གཟིག་ལ་གོ དེ་ལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ”()ཞེས་སོགས་གུང་བསྒྲིགས་ནས་དཔྱད་ན་བོན་ལ་ གྲགས་ཆེ་བའི་སྟག་གཟིག་དེ་ཉིད་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ཕུགས་པར་བགྲང་ ཡོད་པས་མདོར་ན་སྟག་གཟིག་ཅེས་པའང་ཕྱིས་སུ་སྤུ་རྒྱལ་བོད་ཀྱི་མངའ་ཁུལ་ཞིག་ཡིན་ པ་ཤེས་ཐུབ་ལ་འོལ་མོ་ལུང་རིང་ཡང་སྟག་གཟིག་ ཡུལ་གྱི་ཆ་ཤས་ཞིག་ཏུ་ཡོད་པ་ཤེས་ ཐུབ་པས་སྒྲུབ་བྱེད་མང་བོ་འགོད་པའི་ངལ་བ་སྤངས་སོ།

དཔྱད་གཞིའི་ཡིག་ཆ།
()()()《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ཤར་རྫ་བཀྲ་ཤིས་རྒྱལ་    མཚན། ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས-16གི་བར་ན་གསལ།
()《བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས་ཞེས་བྱ་བ་     རྨོངས་བའི་བློའི་གསལ་བྱེད》ཅེས་པར་གསལ། ལག་བྲིས་མ།
()《ཧི་མ་ལ་ཡའི་ལྷ་དང་མི》ཞང་ཧུང་ཅས་བསྒྱུར། ལོར་མཚོ་སྔོན་མི་རིགས་    དཔེ་བསྐྲུན་ཁང་གིས་རྒྱ་ཡིག་གི་ལམ་ནས་དཔར་བསྐྲུན་བྱས། ཤོག་ངོསན་གསལ།
()()()《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་བོ》
བསྟན་འཛིན་རྣམ་དག་གིས་བརྩམས།ལོར་ཁྲི་བསྟན་ནོར་བུའི་དཔེ་མཛོད
ཁང་གིས་དཔར་བསྐྲུན་བྱས། ཤོག་ངོས-29ན་གསལ།
()《མདོ་གཟེར་མིག》དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན།    ལོར་ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོས-14 ན་གསལ།
()《བཅའ་ཡིག་ཕྱོགས་བསྒྲིགས》 ལོར་བོད་ལྗོངས་མི་དམངས་དཔེ་བསྐྲུན་   ཁང་གིས་དཔེ་ བསྐྲུན་བྱས། ཤོག་ངོསན་གསལ།
()《མན་ལུང་གུ་རུའི་ལམ་ཡིག་བཞུགས་སོ》རྗེ་མན་ལུང་བ་གུ་རུ་དབང་ཕྱུག་གིས་མཛད།  ཁམས་ཀྱི་དཔེ་རྙིང་ལག་བྲིས་མར་གསལ།
()《གྲུབ་པའི་གནས་ཆེན་པོ་ཤམ་བྷའི་རྣམ་བཤད》ཅེས་པའི་ནང་གསལ། པཎ་   ཆེན་དྲུག་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་གསུང་འབུམ(ཉ)བའི་ནང་དུ་ཡོད།
()《སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་ཕྲེང་བ》དགེ་སློང་ བསྟན་འཛིན་དབང་གྲགས་ཀྱིས་གཙོ་སྒྲིག་བྱས།  ལོར་བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོསན་གསལ།
()《མངོན་པ་མཛོད་རྩ་འགྲེལ》རྩ་བ་དབྱིག་གཉེན་དང་འགྲེལ་བ་འཇམ་དབྱངས་གཏེར་བློས་ བརྩམས།ལོར་ཟི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོསན་གསལ།
()《བཀའ་ཐང་སྡེ་ལྔ》ཨོ་རྒྱན་གླིང་བས་གཏེར་ནས་བཏོན།ལོར་མི་རིགས་    དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོསན་གསལ།
()()《མདོ་འདུས》ལག་བྲིས་མར་གསལ།
()《སྣང་སྲིད་བོན་གྱི་མཛོད་ཕུག་ཐམས་ཅད་འབྱུང་བའི་སྒོ་མོ》ལག་བྲིས་མ།     ཤོག་ངོསན་གསལ།
()《གངས་རི་མཚོ་གསུམ་གྱི་དཀར་ཆག》ལག་བྲིས་མ། ཤོག་ངོསན་གསལ།
()《མདོ་དྲི་མེད་གཟི་བརྗིད》དེབ་དགུ་བ།ལོར་བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་ནས་དཔར། ཤོག་ངོསན་གསལ།
()《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལོར་མི་རིགས་དཔེ་     བསྐྲུན་ཁང་ནས་དཔར། ཤོག་ངོསན་གསལ།
()《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ལག་བྲིས་མ། ཤོག་ངོསན་གསལ།
()《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ལོར་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན། ཤོག་ངོསན་གསལ།
()《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ནམ་མཁའ་ནོར་བུས་བརྩམས། ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོསན་གསལ།
()《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》རིག་འཛིན་ཀུན་གྲོལ་གྲགས་   པས་བཀོད། ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་བསྐྲུན་ཁང་ནས་བསྐྲུན། ཤོག་ངོསན་གསལ།
()《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། ལོར་བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་དཔར། ཤོག་ངོསན་གསལ།
()《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགས》ཆ་གན་བླ་མ་ཞབས་ དྲུང་རྒྱལ་མཚན་གྱིས་བསྒྱུར། ལོར་ཉི་ཧོང་ཨོ་ཐ་ནི་སློབ་གྲྭ་ཆེན་མོའི་གློག་དཔར་སྤུས་ལེགས་མ། ཤོག་ངོསན་གསལ།
()《བོན་སྒོ》དེབ་བརྒྱད་པར་གསལ།
()《རྒྱལ་རབས་བོན་གྱི་འབྱུང་གནས》ཁྱུང་བོ་བློ་གྲོས་རྒྱལ་མཚན་གྱིས་མཛད།    དབུ་ཅན་ལག་བྲིས་མ། ཤོག་ངོསP12ན་གསལ།

 

Share this:
༣༦༣ ཀློག་གྲངས།