བདེན་པའི་མེ་ལྕེ་སྐོར་བསྐྱོད་དྷ་སར་འབྱོར་བ།

ལ་དྭག2012_7_24_tourchས་ཀྱི་རྒྱལ་ས་སླེ་ནས་འགོ་འཛུགས་བྱས་པའི་བདེན་པའི་མེ་ལྕེ་གྲོང་དང་གྲོང་རྡལ་ཁག་ཏུ་ཁྲོམ་སྐོར་དང་། ས་ཡིག་བསྡུ་རུབ་བྱས་ཏེ། ཟླ་འདིའི་ཚེས་༢༤ ཉིན་དྷ་སར་འབྱོར་ཡོད་པ་རེད།

བདེན་པའི་མེ་ལྕེ་སྐྱེལ་མཁན་ཌལ་ཧོལ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་པདྨ་གྲུབ་དབང་དང་། ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བྱམས་ཆེན་གཉིས་ཀྱིས་གཙོས་ས་གནས་ཀྱི་མི་བཅུ་དགུས་དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་སོགས་དྷ་སར་གནས་སྡོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ལ་རྩིས་སྤྲོད་བྱས་ཡོད་པ་རེད། ཉི2012_7_24_t_1ན་གུང་ཆུ་ཚོད་༢ པའི་ཐོག་ས་གནས་ནོར་སྤུར་དུ་བདེན་པའི་མེ་ལྕེ་རྩིས་སྤྲོད་ལེན་གྱི་མཛད་སྒོའི་ཐོག་ནོར་སྤུར་ས་གནས་ཀྱི་ར་ཀིས་ཤི་ པཱར་ཏི་རི་ཡ་མཆོག་གི་བོད་དོན་ལ་སེམས་འཚབ་དང་རྒྱབ་སྐྱོར་ཡོད་པའི་སྐོར་ལ་གསུང་བཤད་གནང་བ་དང་། དྷ་ས་ས་གནས་འགོ་འཛིན་གྱིས་བོད་རང་བཙན་ནི་རྒྱ་གར་གྱི་སྲུང་སྐྱོབ་ཡིན་སྐོར་གསུང་བཤད་གནང་རྗེས། ས་གནས་ནོར་སྤུར་གྱི་མགོ་མང་ཚང་མར་མཐུན་འགྱུར་རོགས་རམས་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། དེ་བཞིན་ས་གནས་ནོར་སྤུར་མངའ་ཁོངས་ཀྱི་གྲོང་སྡེ་ཁག་༤༠ ཡི་གྲོང་དཔོན་ཚང་མ་འཛོམས་ནས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་རེད།
དེ་རྗེས་བདེན་པའི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་དེ་ས་གནས་ནོར་སྤུར་ནས་ཏི་ལོ་པུར་བཙུན་དགོན་དང་། འཇམ་དབྱངས་ཆོས་གླིང་བརྒྱུད་ནས་སྐོར་སྐྱོད་གྲུབ་རྗེས་སཱ་ཧ་ར་བོད་ཀྱི་མཐོ་སློབ་ཁང་དུ་འཇུག་སྒྲིལ་གནང་ཡོད་པ་རེད།།

Share this:
༩༥ ཀློག་གྲངས།