དམིགས་བསལ་ཚོགས་ཆེན་སྐོར་གྱི་བསམ་ཚུལ་འགའ། ང་རང་གིས་ད་ནིང་ནས་དཀའ་ལས་བྱས་ནས་བྲིས།

ངས་ད་ནང་ད་ནི་དམིགས་བསལ་ཚོགས་ཆེན་དེ་འཚོགས་རན་པ་རེད་

བསམ་ནས་བསམ་བློ་ཞིག་བཏང་བ་ཡིན། དེ་ཡི་དུས་ཚོད་ངས་དག་དག་

ཅིག་ཤེས་མེད་། དེ་ནས་ངས་དྲ་རྒྱ་ཁག་ལ་བལྟས་པ་ཡིན།

 

འོན་ཏང་དམིགས་བསལ་ཚོགས་ཆེན་ལ་ཞུགས་ཕྱོགས་ཞེས་པ་ཞིག་གསལ་བསྒྲགས་སྤེལ་བ་དེ་ཚར་གཅིག་ཀློག་པ་ཡིན། དེ་ཡི་ནང་དུ་མི་ཁ་ཤས་ཞིག་ལ་ཟུར་ཉན་གྱི་གོ་སྐབས་སྤྲོད་ཀྱི་ཡོད་པ་དང་། དེ་ལ་རང་བཙན་ལག་དེབ་དགོས་པར་བཤད་འདུག་པ་ཙམ་ལས། གཞན་ངས་མཐོང་ས་ན་དྲ་རྒྱ་གང་གི་ནང་དུ་ཡང་དམིགས་བསལ་ཚོགས་ཆེན་དེ་གལ་ཆེན་ཡིན་པའི་སྐོར་དེ་མི་མངས་ཀྱིས་གླེང་གིན་མི་འདུག 

 

གཞན་རྩོམ་ཡིག་ཞིག་ལ་ཁྲིམས་ཀྱི་ནུས་པ་ལྡན་དགོས་ཞེས་འགོ་བརྗོད་དུ་འཁོད་འདུག་པ་ཞིག་བྲིས་པ་དེ་ཡི་ནང་།  དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་གཏན་ཁེལ་བའི་གནས་ཚུལ་ཕྱིར་བསྒྲགས་ བྱུང་བ་ནས་རྩོམ་པ་པོ་དང་ཤེས་ཡོན་པ་དག་གིས་གཙོས་པའི་དོ་སྣང་ཅན་གྱི་མི་མང་ གིས་བསམ་ཚུལ་སྣ་ཚོགས་བཤད་ཀྱི་ཡོད་པ་དང་། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་འབྲས་ལ་ཕྱིར་ལྟ་དང་། ཉམས་མྱོང་ལ་དབྱེ་ཞིབ་བྱས་པའི་དཔྱད་བརྗོད་ཀྱང་གང་མང་ཞིག་བརྒྱུད་ལམ་འདྲ་མིན་ ཐོག་ཐོན་བཞིན་ཡོད་པ་དག་ལ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་བཀོད་སྒྲིག་པ་ དག་གིས་ཉན་འཇོག་བྱེད་འོས་པར་མཐོང་ལ།  ཞེས་བྲིས་འདུག་ལ།  

 

ཁོང་གིས་དེ་ལྟར་མཐོང་ཡོད་པ་ལས་། ཁར་སང་དེ་རིང་གི་དྲ་ཐོག་ན་དེ་ལྟ་བུའི་དམིགས་བསལ་ཚོགས་ཆེན་ལ་དཔྱད་བརྗོད་ཀྱི་གཏམ་ཞིག་ཡེ་མ་མཆིས་སོ།  དེ་ནི་མི་མངས་ཀྱི་འགན་ཁྲིའི་སྟོང་ཞིག་ཨེ་རེད་།སྤྱིར་ང་ཚོ་ལ་མཚོན་ན་༢༠༠༨་ཀྱི་ཡར་སྔོན་ལ་མཚོན་ན་དེང་སང་དམངས་གཙོའི་གོ་རྟོགས་ཏོག་ཙམ་སད་ཡོད་པ་བརྗོད་བཞིན་ཡོད།  ཡིན་ན་ཡང་སྐབས་འགར་ལྷག་པ་དང་ཆད་པ་སུ་ལ་ཡང་ཡོང་བཞིན་པ་ལྟར།  ད་རེས་ང་ཚོའི་དམིགས་བསལ་ཚོགས་ཆེན་ལ་ཡང་དམིགས་བསལ་དོ་སྣང་བྱེད་མཁན་གྱི་གཏམ་དེ་འདྲ་ནི་དྲ་ཐོག་ན་ནི་མི་འདུག  ཡིན་ན་ཡང་། སེམས་ནས་གྲ་སྒྲིགས་བྱེད་བཞིན་ཡོད་ནས་དྲ་ཐོག་ཏུ་མ་སླེབས་པ་ཡིན་ནམ། དྲ་ཐོག་དུ་སྤེལ་ཚར་བ་གང་ཡིན་ཆ་མ་འཚལ། 

 

སྤྱིར་དེ་རིང་ཁ་སང་གི་དུས་དེ་བོད་ཀྱི་ཛ་དྲག་གཉན་འཕྲང་ཅན་ཞིག་ཞེས་ཟེར་གྱིན་ཡོད་། དེ་ལ་བརྟེན་ནས་ལོ་འགའི་སྔོན་ནས་དམིགས་བསལ་ཚོགས་ཆེན་ཟེར་ནས། འདུན་མ་སྐོང་བའི་གྲོས་བསྡུར་གྱི་ལམ་ལས་བོད་དོན་གྱི་གནས་ཚུལ་ཛ་དྲག་ཅན་དེ་རིགས་མི་ཡོང་བའི་ཆེད་དུ་དང་། ཡོང་ན་འདི་ནས་གང་ལྟར་བྱེད་དགོས་མིན་དང་དམངས་ཚོགས་ལ་གོ་རྟོགས་གང་སྤེལ་དགོས་པ་དང་།  རྒྱལ་སྤྱིའི་འགྱུར་འགྲོས་ལ་བརྟེན་ནས་ང་ཚོས་གོ་སྐབས་གང་ལེན་དགོས་མིན་བཅས་དམིགས་པ་ཡིན་པར་ལྷ་སའི་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་ཚོགས་ཆེན་ལ་བསྩལ་བའི་བཀའ་སློབ་ཏུ་འཁོད་འདུག  

 

དེ་ལྟ་བུའི་དམིགས་བསལ་ཚོགས་ཆེན་ཟེར་བ་དེ། ད་ལོ་ཡང་འཚོགས་ཀྱི་ཡིན་ཟེར་ནས་མང་ཚོགས་ཀྱི་དཀྱིལ་དུ་གསལ་བསྒྲགས་ཀྱི་སྒོ་ནས་ས་ཁྱབ་རྡོ་ཁྱབ་དུ་ཕྱིན་པ་དེ་རེད། ཡིན་ན་ཡང་མངས་ཚོགས་ཀྱི་ངོས་ནས་དོ་སྣང་མེད་པར་གྱུར་ན་གཞུང་གིས་ཀྱང་དོ་སྣང་བྱེད་དགོས་དོན་མེད་པའི་ས་རུ་སྐྱེལ་འགྲོ་བས་འདི་དོན་ལ་ཐུགས་བསམ་བཞེས་དགོས་མིན་དཔྱད་པར་འཚལ་ཞེས་ཞུ་རྒྱུ་ལས་སྐུལ་མ་གཏོང་མི་ཤེས།  

 

དམིགས་བསལ་ཚོགས་ཆེན་མ་ཚོགས་གོང་དེ་སྔོན་གྱི་དམིགས་བསལ་ཚོགས་ཆེན་གྱི་ཐག་གཅོད་གང་བྱུང་ཡོད་དང་། ཐག་ཆོད་དེ་ལག་ལེན་ལ་བཏབ་ཡོད་མེད་། བཏབ་ནས་ནུས་པ་གང་ཐོན་ཡོད་མེད་བཅས་ནི་ལོ་སྔོན་མའི་དམིགས་བསལ་ཚོགས་ཆེན་གྱི་གྲུབ་འབྲས་ལ་ལྟ་བ་ཡིན། དེར་མ་ཟད་དེ་ཡི་སྐབས་སུ་སྐྱོན་གྱི་ཆ་འདོར་དགོས་པའི་རིགས་དང་། སྣོན་དགོས་པའི་རིགས་མང་པོ་ཞིག་ལ་ཡང་དེ་བས་ལྟ་དགོས་པ་ཞིག་ཡིན།

 

དེ་དག་ནི་ད་ལྟ་ནས་མང་ཚོགས་ཀྱི་ནང་དུ་གླེང་མ་ཐུབ་ན། གྲ་སྒྲིག་མེད་པའི་ཚོགས་ཆེན་དེ་དང་། དམངས་ཚོགས་ཀྱི་བསམ་ཚུལ་གྱིས་དབེན་པའི་ཚོགས་ཆེན་དང་། ཚོགས་ཆེན་སྐབས་དགོས་པའི་བསམ་ཚུལ་རེ་བཤད་དུ་མེད་ན། མིང་ཙམ་ཆེ་བའི་ཚོགས་ཆེན་ཞིག་གིས་ཛ་དྲག་དེ་ལས་ཆེ་བའི་བོད་དོན་ལ་ཕན་ཐོག་ཡང་དེ་བས་དཀའ་བ་ཞིག་ཏུ་སྣང་།  

 

སྤྱིར་ཚོགས་ཆེན་གྱི་འདུན་པ་སྐོང་བ་ཞེས་པ་དེ་དམངས་གཙོ་ཡི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བསམ་ཚུལ་རྣམས་མི་མངས་ཀྱིས་འོས་འདེམས་བྱས་པའི་སྤྱི་ལ་འཐུས་ཚབ་བྱེད་པའི་མི་སྣ་རྣམས་ནས་མངས་ཚོགས་ནས་བསམ་ཚུལ་རྣམས་ལེན་ཐུབ་པ་ཞིག་དང་ཚོགས་ཐོག་ཏུ་བཤད་ཐུབ་པ་ཞིག་དགོས་པ་ལས།  ཚོགས་ཐོག་ཏུ་ལོ་རྒྱུས་དང་མ་འབྲེལ་བ། མི་མངས་ཀྱི་འདོད་པ་དང་མ་འཚམས་པ།  ད་ལྟའི་བོད་ཀྱི་ཛ་དྲག་ལ་མི་ཕན་པའི་ཧམ་བཤད་བྱེད་མཁན་སྔོན་ནས་ཡང་ཚོགས་ཐོག་ཏུ་གང་མང་འདུག   དེ་དག་གི་གྲུབ་འབྲས་ནི་ཁོ་རང་ཚོས་ཉིན་གོང་གསོལ་ཚིག་དེ་ཞིམ་པོ་ཞིག་རག་འགྲོ་པ་ལས། གཞན་བོད་མི་སྤྱི་ལ་གྱོང་རྒུད་ཆེན་པོ་རགས་པ་དེ་ཡིན་ལ།

 

  ད་ལྟ་བར་དུ་འཇམ་ཇག་གེར་བསྡད་ནས་མི་མངས་དང་འབྲེལ་བ་མ་བྱས་པར་ཉིན་ཞིག་ཚོགས་འདུ་སྐོང་སྐབས་མི་མངས་ཀྱི་འདུན་པ་དང་རྒྱལ་སྤྱིའི་འགྱུར་འགྲོས་བོད་ནང་གི་དཀའ་སྡུག་གང་ཡང་བརྗོད་རྒྱུ་མེད་མཁན་ཞིག་ལ་སྐུ་ཚབ་ཞེས་བརྗོད་མི་ཐུབ། འདི་སྤྱི་འཐུས་གཅིག་པུ་ལ་མ་རེད་། ཚོགས་མི་ཚང་མ་སྐུ་ཚབ་ཡིན་པའི་ཆ་ནས་བརྗོད་པ་ཡིན། 

 

ད་ནས་བཟུང་གོང་ས་མཆོག་ནས་ཀྱང་ཚོགས་ཆེན་ལ་སྩལ་བའི་བཀའ་སློབ་ཡང་ཡོད་མེད་མི་ཤེས་ལ།  མཇུག་སྡོམ་ལ་ཡང་ལེགས་ཉེས་བཀའ་སློབ་མེད་ན།  ཚོགས་མི་རང་གི་ངོས་ནས་སྔར་ལས་ཀྱང་ཚོགས་ཀྱི་འདུན་པ་སྐོང་བ་དེ་ཐོག་མཐའ་བར་གསུམ་དུ་དོན་ཡོད་པ་དང་། གྲུབ་འབྲས་ཐོན་པ། ཚད་དུ་འགྲོ་བ། གནད་ལ་ཁེལ་བ་ཞིག་ཡོང་ཇི་ཐུབ་ལ་འབད་དགོས་པའི་འགན་ཁྲི་སྔར་ལས་ཆེ་བ་ཕྲག་ཏུ་སླེབས་ཡོད།

 

དམངས་ཀྱི་གཙོ་བ་དང་། ཚོགས་ཀྱི་གཙོ་བ་ཟེར་བ་ཚང་མ་ལག་ཏུ་ཡོད་དུས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོ་སོའི་སྔོན་འགྲོའི་འདུན་པ་སྐོང་དགོས་མིན་དང་། གཞུང་ངོས་ནས་ཀྱང་མི་མངས་ལ་བསྒྲོ་གླེང་གི་ལས་རིམ་བརྒྱུད་ནས་བསམ་ཚུལ་བསྡུ་ལེན་བྱེད་དགོས་མིན་བཅས་ལ་ཡང་ལྟ་དགོས་པར་སེམས། ་

 

འདི་ནི་མི་མངས་དང་བགྲོ་གླེང་བྱེད་པའི་དུས་ཚོད་ཏག་ཏག་ཞིག་ཡིན་པར་ཁྱེད་ཅག་གིས་མ་འདོད་ཀྱང་ངས་དུས་ཚོད་དེ་གནད་དུ་ཁེལ་ཡོད་པར་སྣང་། དེ་ལས་གཞན་རྣམས་སུ་བཀའ་སློབ་ཡོད་རེད་། ཕེབ་པར་གནང་། ཟེར་བ་དེ་ཚོས་སྤྱི་ཚོགས་ལ་ནུས་པ་གང་ཙམ་ཞིག་ཐོན་གི་ཡོད་པར་མ་རྟོགས། 

 

གཞན་སྔོན་འགྲོ་མེད་པའི་དངོས་གཞི་ཞིག་གིས་གར་ཙམ་ལ་ཕྱིན་ཐུབ་མིན་ཁྱེད་ཅག་ལ་མིག་མཐོང་ལག་ཟིན་ཡིན་པ་ལས།  འགྲེལ་བཤད་ལ་ཉན་དགོས་པར་ངས་མི་སེམས། སྤྱིར་ལས་ཀ་གང་ཡིན་ཡང་ཐོག་མཐའ་བར་གསུམ་རེ་དགོས་པས། ཁྱབ་བསྒྲགས་རེ་སྔོན་དུ་སོང་བ་ཙམ་ལ་སྔོན་འགྲོ་ཞེས་བརྗོད་ན་ཆོག་མིན་བལྟ་བར་འཚལ།  ཡང་དངོས་གཞིའི་ཚོགས་ཆེན་ཀྱི་སྐབས་སུ་ཐག་གཅོད་ལ།  ད་དུང་སྔོན་འགྲོ་ལས་ཀ་ཁྱེར་ཡོང་བ་ཡིན་ན་དེ་དངོས་གཞིའི་ལས་ཀྱི་དུས་ཚོད་རྩ་ཆེན་དེ་འཕྲོ་བརླག་ཏུ་བཏང་འགྲོ་བས།  དགོངས་པར་འཚལ།  བསོད་ནམས་ཆོས་རྒྱལ་ནས་བྲིས།

Share this:
༡༢༤ ཀློག་གྲངས།