བཀའ་ཟུར་ཨ་ལགས་འཇིགས་མེད་ལ་མྱ་ངན་མཆོད་འབུལ།

2012_7_27_jདེ་རིང་ཉིན་རྒྱབ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་མཛད་གཙོ་རྣམ་པས་དབུས་པའི་སྲི་ཞུ་བ་ཚང་མ་མཉམ་འཛོམས་ཀྱིས། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་། ཉིན་ཕྱེད་རིང་མྱ་ངན་མཚོན་བྱེད་ལས་མཚམས་བཞག་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྱི་ཕྱི་དྲོ་ཀཱ་ར་རྫོང་གི་སྨན་ཁང་ཞིག་ནས་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་སྐུ་གཤེགས་ཡོད་པར་བརྟེན། ཕྱི་ཚེས་༢༧ ཉིན་གྱི་ཉིན་རྒྱབ་གཞུང་གི་ལས་ཁུངས་ཁག་ཚང་མ་སྒོ་བརྒྱབ་སྟེ། དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། 2012_7_27_rinpocheལས་ཁུངས་ཁག་གི་སྲི་ཞུ་བ་ཚང་མ་མཉམ་འཛོམས་ཀྱིས། བཀའ་ཟུར་ཁོང་གི་དགོངས་རྫོགས་མཆོད་འབུལ་ཞིག་འཚོགས་སོང་ལ།   ཚོགས་ཐོག་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེས། བཀའ་ཟུར་ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་མི་ཚེ་གཅིག་ཧྲིལ་པོར་བོད་མིའི་སྤྱི་ཚོགས་ནང་ལས་ཀ་བྱས་མྱོང་བའི་སྲི་ཞུ་བ་རྒན་པ་ཞིག་ཡིན་སྐོར་གསུངས་སོང་།

བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༨  ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས། དགུང་ལོ་ ༧ སྟེང་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཞུས།

༡༩༥༩ ལོའི་ཕྱི་ཟླ་ ༥ པའི་ནང་འབྲུག་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་དང་། དེ་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་ཞིང་། བྱང་རྩེ་གྲྭ་ཚང་དུ་དབུ་མ་གསར་བའི་དམ་བཅའ་ཡང་བཞག ༡༩༦༥ ལོའི་ལོ་མཇུག་ཏུ་སྐབས་གསུམ་པའི་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་བྱུང་ཞིང་། དེ་ནས་རིམ་བཞིན་སྤྱི་འཐུས་སྐབས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་ ༡༣ རིང་གནང་། སྐབས་ལྔ་པའི་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་པ་དང་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་གནང་བ་དང་། སྐབས་དྲུག་པའི་སྤྱི་འཐུས་ཚོགས་གཙོ་གནང་ཡོད།

2012_7_27 _lama

༡༩༧༩ ལོ་ནས་ལོ་ ༦ རིང་རྩིས་ཞིབ་འགན་འཛིན་གནང་བ་དང་། ༡༩༨༥ ལོར་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་པ་བོད་དུ་བསྐྱོད་སྐབས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་མིང་ཐོག་ནས་ཕེབས། ༡༩༨༦ ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་རིང་ཕྱག་ལས་གནང་བ་དང་། དེ་ནས་བདེ་སྲུང་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་སོང་མཚམས་བདེ་སྲུང་ བཀའ་བློན་དུ་བསྐོ་བཞག་གིས་ལོ་༤ ཙམ་རིང་བདེ་སྲུང་བཀའ་བློན་གནང་། ལོ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་བལ་ཡུལ་དུ་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐབས་༧གོང་ས་མཆོག་སྐུ་ཚབ་གནང་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་དུ་ཕེབས། ༡༩༩༡ ལོར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་གིས་ལོ་༦ རིང་ཕྱག་ལས་གནང་། ༡༩༩༦ ལོར་བཅའ་ཁྲིམས་དགོངས་དོན་ལྟར་༧གོང་ས་མཆོག་གིས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་ཐད་བསྐོས་གནང་ཡོད་པ་རེད་འདུག

Share this:
༡༣༠ ཀློག་གྲངས།