ལོན་ཌོན་དུ་ཨོ་རྩལ་འགྲན་ཚོགས་འགོ་འཛུགས།

ཟླ་འདིའི་ཚེས་༢༧ ཉིན་ལོན་ཌོན་གྱི་དགོང་མོའི་ཆུ་ཚོད་༩ པའི་ཐོག་འདི་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དེ་ལོན་ཌོན་གྱི་ཨོ་ལིམ་པིག་རྩེད་ཐང་དུ་འཚོགས་པ་དང་། རྩེད་འགྲན་ཐོག་རྒྱལ་༢༤༠ ནས་རྩེད་འགྲན་པ་༡༠༠༠༠ ལྷག་ཞུགས་ཡོད་པ་རེད།

དེ་ཡང་འདིའི་ཨོ་ལིམ་པིག་གི་དཔལ་འབར་སྐོར་བསྐྱོད་ཀྱི་ཉིན་ཐ་མ་དེ་ཐེམ་སི་འགྲམ་རྒྱུད་ནས་ཁྱེར་ནས། ཨོ་རྩེད་ཀྱི་རྒྱལ་ཁའི་མེ་ཁྲོའི་ནང་མེ་ལྕེ་སྤར་ནས་ཉིན་༡༦ རིང་འཇོག་རྒྱུ་ཡིན་པ་རེད།

རྩེད་འགྲན་སྐབས་དབྱིན་ཡུལ་གཞུང་གིས་ཞི་བདེ་ལྷིང་འཇགས་ཡོང་ཆེད་བདེ་འཇགས་སྲུང་སྐྱོབ་ཚད་མཐོ་ཤོས་གོ་སྒྲིག་བྱས་ཡོད་པ་རེད།

ཡུ་རོབ་ཀྱི་དྲིལ་བུ་ཆེ་ཤོས་དེ་རྩེད་རཱའི་ནང་རོལ་ནས་ཕྱི་ཚོད་༢༡ ལ་བརྡུང་ནས་དབྱིན་སྒོར་ས་ཡ་༢༧ གྱི་རོལ་དབྱངས་སྤྲོ་ཚོགས་འགོ་ཚུགས་རྒྱུ་ཡིན་པ་དང་། དྭངས་བླང་པ་༡༠༠༠༠ ཐམས་པས་དབྱིན་ཇིའི་འཚོ་བ་དངོས་དམིགས་བསལ་གྱི་གཟིགས་འབུལ་འཁྲབ་སྟོན་ཞུ་རྒྱུ་ཡིན་པ་རེད།

རྩེད་མོའི་ཚོགས་ཁང་སྨི་གྲུ་བཞི་མ་༡༥༠༠༠ ཐམས་པའི་ནང་དབྱིན་ཡུལ་གྱི་རྒྱལ་མོ་དང་སྒྱུ་རྩལ་བ། སྐུ་མགྲོན། གྲགས་ཅན་མི་སྣ་སོགས་མི་མང་༨༠༠༠༠ ལྷན་འཛོམས་བྱེད་ཀྱི་ཡོད་པ་རེད།

རྩེད་མོའི་དཔལ་འབར་གྷི་རི་སི་ནས་འགོ་བཙུགས་ནས་ཡུལ་ལུང་སོ་སོའི་མི་སྣ་གྲགས་ཅན་འདྲ་མིན་གྱིས་གྲོང་ཁྱེར་བརྒྱ་ཕྲག་ཅིག་ལ་ཉིན་༧༠ རིང་་ཁྱེར་ནས་སྐོར་བསྐྱོད་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་དབྱིན་ཡུལ་གྱི་རྒྱལ་མོ་དང་རྒྱལ་སྲས་ཧྥི་ལིབ་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་གཞུང་འཛིན་དཔོན་རིགས་རྣམས་སྣེ་ལེན་ཕེབས་བསུ་ཞུས་རྗེས་། སྒྲ་གདངས་རོལ་དབྱངས་ཚན་སྡེབ་དང་། དུ་རཱན་དུ་རཱན་རོལ་དབྱངས་ཚན་སྡེབ། གཞས་པ་གྲགས་ཅན་པའོ་ལོ་ནུ་ཊི་ནི་སོགས་ཀྱི་མཛད་སྒོའི་དབུ་འབྱེད་ཀྱི་དགའ་སྟོན་སྤྲོ་ཚོགས་འཚོགས་ཏེ། རྩེད་འགྲན་འགོ་འཛུགས་བྱེད་རྒྱུ་ཡིན་པ་རེད།

རྩེད་འགྲན་དངོས་གཞི་དེ་རེས་གཟའ་ལྷག་པའི་ཉིན་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱས་ཤིང་། རིམ་པས་རྩེད་རིགས་ཀྱི་འགྲན་སྡུར་སྣ་ཚོགས་རྩེད་ཐང་སོ་སོར་འགྲན་བསྡུར་བྱེད་རྒྱུ་ཡིན་དང་། མཐའ་མཇུག་གི་རྩེད་འགྲན་ཕྱི་ཟླ་༨ ཚེས་༡༢ ཉིན་ཚོགས་ཀྱི་ཡོད་པ་རེད།

སྐབས་འདིར་གླ་འཁོར་ཁ་ལོ་བར་གླ་འཁོར་ཨོི་ལིམ་པིག་རྩེད་ཐང་ཉེ་འགྲམ་དུ་ཡོང་བའི་ཆོག་ཆེན་མ་སྤྲད་པས། ཁ་ལོ་བའི་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་པ་རེད།

ཡང་མི་མང་༦༠༠༠༠ ལྷག་ཧཡེ་ཌེས་གླིང་ཁར་འཛོམས་ནས་དགའ་སྟོན་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། ཨོ་རྩེད་འགྲན་ཚོགས་རྗེས་མ་ཐེངས་༣༡ པ་དེ་ཨུ་རུ་སུའི་གྲོང་ཁྱེར་སོ་ཆི་ལ་ཕྱི་ལོ་༡༩༡༤ ལོར་འཚོག་རྒྱུ་ཡིན་པ་རེད།།

Share this:
༩༤ ཀློག་གྲངས།