ངག་དབང་ནོར་འཕེལ་འདས་གྲོངས།

zatod5ཕྱི་ཟླ་༦ ཚེས་༢༠ ཉིན་བོད་སྐྱེ་དགུ་མདོ་རུ་བོད་དོན་ཆེད། རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་ངག་དབང་ནོར་འཕེལ་ཕྱི་ཟླ་༧ ཚེས་༣༠ ཉིན་བོད་ནང་གི་ཆུ་ཚོད་༣ པ་ཙམ་ལ་ཟི་ལིང་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

དེ་ཡང་ཕྱི་ཟླ་༦ ཚེས་༢༠ ཉིན་བོད་་སྐྱེ་དགུ་མདོ་རུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གཉིས་ནང་ནས་རང་ལོ་༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་སྐབས་དེར་ས་གནས་དེ་རང་ལ་འདས་གྲོངས་སུ་ཕྱིནཡོད་པ་དང་། ངག་དབང་ནོར་འཕེལ་ལ་རྨས་སྐྱོན་ཤུགས་ཆེན་ཕོག་སྟེ་ ཟི་ལིང་སྨན་ཁང་དུ་མྱུར་སྐྱོབ་ཆེད་འཁྱེར་ཡོད་པ་རེད།

ངག་དབང་ནོར་འཕེལ་ནི་དེ་སྔོན་རང་ལུས་མེ་སྲེག་གཏོང་དུས་བོད་ཨ་མདོ་ནས་རེད་ཅེས་བརྗོད་ཡོད་ནའང་། ད་ལྟ་ཁོང་གང་ནས་ཡིན་དངོས་སུ་རྩད་གཅོད་བྱས་སུ། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་། མིན་པོ་ཡུལ་ཚོ། ཁྲི་འདུ་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ལྷག་པ་དོན་གྲུབ་དང་ཨ་མའི་མིང་ལ་ཚེ་རིང་དབྱངས་ཅན་ཟེར་གྱི་ཡོད་འདུག །

Share this:
༩༩ ཀློག་གྲངས།