བརྒྱད་ཅུའི་དགུང་སྟོན་ལ་ཕུལ་བའི་ཤིས་ཚིག་རྩོམ་དེབ།

དཔེ་དེབ་དེ་རྣམས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོན་སྒོ་དུབ་དེབ་རྩོམ་སྒྲིག་ཚོགས་པས་པར་བསྐྲུན་གནང་བ་དང༌། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་མཆོག་གིས་དབུས་པའི་གཞིས་བྱེས་གཉིས་ཀྱི་བོན་པོའི་བླ་སྤྲུལ་དགེ་བཤེས་ཁག་དང༌། སློབ་གཉེར་བ། གཞན་ཡང་རིས་སུ་མ་ཆད་པའི་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་གིས་རིན་པོ་ཆེ་མཆོག་གི་གསང་གསུམ་མཛད་པའི་འཕྲིན་ལས་ལ་བསྔགས་པའི་ཆེད་རྩོམ་ ༢༠༨ ཙམ་འཁོད་ཡོད་པ་རྣམས་༼བཀྲ་ཤིས་རྟེན་འབྲེལ་སྨོན་ཚིག༽དང༌། ༼དབྱངས་ཅན་ངག་གི་གྲེ་འགྱུར།༽ ༼དད་སེམས་སྤུངས་པའི་ལྷ་རྫས།༽ བཅས་དཔེ་དེབ་སྟོད་སྨད་བར་གསུམ་དུ་དབྱེ་འབྱེད་ཀྱིས་པར་བསྐྲུན་གནང་འདུག་པ་བཅས། ༢༠༠༩།༢།༡༢ ཉིན་བོན་སྤྱི་སྨོན་ལམ་མཐར་ཕྱིན་གྱིས་མཁོ་སྤྲོད་གནང༌།

Share this:
༡༡༣ ཀློག་གྲངས།