གསེར་རྟ་རྫོང་དུ་གྲྭ་པ་ཞིག་རྒྱ་གཞུང་གིས་འཛིན་བཟུང་།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༡ ཉིན་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་ཐོག་ཏུ་གྲྭ་པ་ཞིག་གིས་རླུང་རྟ་གཏོར་ཏེ། རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

རླུང་རྟའི་རྒྱབ་ངོས་སུ་བོད་དོན་སྐོར་གྱི་ཡི་གེ་འཁོད་ཡོད་པ་དང་། གཟུགས་པོར་ཆོས་དར་མང་པོ་ཞིག་དཀྲིས་ཡོད་འདུག ཁོང་གསེར་རྟ་རྫོང་གོས་ཚ་སྡེ་བ་ནས་ཡིན་པ་ཙམ་ལས། ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་ཀྱི་མི་འདུག །

Share this:
༩༤ ཀློག་གྲངས།