མི་ཉག་རབ་སྒང་དགོན་དུ་ཉེན་རྟོག་སྤྱི་ཁང་མེར་བསྲེག

དེ་རྗེས་དར་མདོ་ཕྱོགས་ནས་ཡོང་བའི་དམག་མི་རླངས་འཁོར་གཉིས་ཙམ་སླེབས་ནས། དགོན་པ་དང་མི་མང་ལ་ཡག་པོ་བྱས་ནས་མ་བསྡད་ན་འཇུ་བཟུང་བཙོན་འཇུག ཉེས་ཆད་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དང་ལས་འགུལ་སྤེལ་མཁན་རྩད་གཅོད་བྱས་ཀྱང་ལག་སོན་བྱུང་མི་འདུག ད་ལྟ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ན་ཡང་མི་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་མེད་པ་རེད། སྤྱི་སྲུང་ཁང་དེ་ནི་༢༠༠༨ ལོར་ནགས་ཕྲན་སྡེ་བ་བརྒྱུད་རྟའུ་དང་བྲག་མགོ་སོགས་སུ་ཡོད་པའི་རླངས་འཁོར་ལམ་ཆེན་འགྲམ་དུ་བོད་རང་བཙན་ཡིན་པ་སོགས་ཀྱི་ཡི་གེ་མང་པོ་བྲིས་པ་དང༌། དེ་བཞིན་རབ་སྒང་དགོན་དུ་ཡོད་པའི་སློབ་གྲྭའི་རྒྱལ་སྒོའི་འགྲམ་གྱི་རྒྱ་ནག་གི་རྒྱལ་དར་དབྲལ་ནས་གསང་སྤྱོད་དུ་འཕངས་པ་སོགས་ལ་བརྟེན་རྒྱ་གཞུང་གིས་དམག་སྤྱི་ཁང་དེ་ཆེད་འཛུགས་བྱས་ཡོད་འདུག དེ་ལ་རྒྱ་དམག་རུ་ཁག་ཅིག་རྒྱུན་འདུག་བྱེད་ཀྱི་ཡོད་པ་དང་མི་མང་དང་དགེ་འདུན་པས་མི་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་ཀྱང༌། སྐབས་དེར་རབ་སྒང་དགོན་པ་རྒྱ་སྐྱེད་ཀྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་པར་བརྟེན་ལས་ཁང་དེར་ངོ་རྒོལ་གང་ཡང་བྱས་མེད་ན་ཡང་མི་མང་གིས་སེམས་ན་གཏན་ནས་མི་དགའ་བའི་ན་ཚ་ཞིག་ཡོད་པ་རེད་ཟེར། མ་གཞི་ལས་ཁང་དེ་ནགས་ཕྲན་གཅིག་པུ་མིན་པར་ཁམས་ཁུལ་གྱི་སྡེ་བ་དང་དགོན་པ་གང་སར་བཙུགས་ཡོད་པ་ཞིག་རེད་འདུག དེར་བརྟེན་ལས་ཁང་དེ་འདྲའི་རིགས་ཚང་མར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཡོད་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བཤད་བྱས་སོང༌།།

 

མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།

Share this:
༡༢༥ ཀློག་གྲངས།