གསེར་རྟ་རྫོང་དུ་གྲྭ་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ།

serta_kunchok_kyabཟླ་འདིའི་ཚེས་༡ ཉིན་ཏེ། རྒྱ་ནག་གི་དམག་གི་དུས་ཆེན་ཉིན་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་ཐོག་ཏུ་གྲྭ་དཀོན་མཆོག་རྒྱལ་མཚན་(དཀོན་མཆོག་སྐྱབས་)ཞེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

བོད་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། serta_kunchok_kyab1ཁོང་གིས་ངོ་རྒོལ་སྐབས་བོད་དོན་དང་འབྲེལ་བའི་ཡིག་ཆ་མང་པོ་གཏོར་ཡོད་པའི་ནང་“༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་དགོས། བོད་ལ་རང་དབང་དགོས། རང་བཙན་ཐོབ་པར་ཤོག་”ཅེས་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གི་ཉེན་རྟོག་པས་གཅར་རྡུ་དྲག་པོ་བྱས་ཏེ་ཁྲིད་པ་དང་། དེ་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་རེད།

serta_kunchok_kyab2གྲྭ་པ་དེའི་མིང་ལ་དཀོན་མཆོག་རྒྱལ་མཚན་(དཀོན་མཆོག་སྐྱབས་)ཟེར་གྱི་ཡོད་པ་དང་། ཁོང་་གསེར་རྟ་རྫོང་། ཕུའུ་དགོན་པའི་གྲྭ་པ་ཡིན་པ་དང་། ཕུའུ་ཡུལ་ཚོ།(ཉི་སྟོད་) ཞོ་སྡེ་ནས་ཡིན་པའི་ཕ་རྒྱམ་ཤུལ་ཤེས་རབ་དང་། མ་ཁུ་སྐྱིད་གཉིས་ཀྱི་བུ་ཆེ་བ་ཡིན་འདུག །

ཁ་སང་བོད་ཀྱི་བང་ཆེན་ཐོག་བཏང་བའི་གནས་ཚུལ་ནང་གྲྭ་པ་དེ་གསེར་རྟ་རྫོང་གོས་ཚ་སྡེ་བ་ནས་རེད་ཅེས་འགོད་ནོར་ཤོར་འདུག་ན། གསེར་རྟ་རྫོང་ཞོ་སྡེ་བ་ནས་ཡིན་པས་དེ་ལུགས་དགོངས་འཇགས་གནང་རོགས།

Share this:
༡༡༣ ཀློག་གྲངས།