བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་ཡོང་རྒྱུའི་གདེང་ཚོད་འདུག

ཨ་རིའི་སྲིད་འཛིན་ལས་ཐོགས་པ་བྷ་རག་ཨོ་བྷ་མས་རང་ཉིད་ཀྱི་ཁ་གཏད་དུ་ལངས་ཡོད་པའི་སྐུ་ཞབས་མེས་ཐུ་རོ་མེན་ཕམ་ཉེས་སུ་བཏང་ནས། སླར་ཡང་རང་ཉིད་ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་ཡོང་རྒྱུའི་གདེང་ཚོད་ཡོད་སྐོར་བརྗོད་ཡོད་འདུག

དེ་ཡང་འབྱུང་འགྱུར་ཕྱི་ཟླ་༡༡་པའི་ནང་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༣༠ ཉིན་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གྲོང་ཁྱེར་ནུའི་ཡོག་ཏུ་སྲིད་འཛིན་གྱི་འོས་བསྡུས་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་གི་ཐོག་གཏམ་བཤད་གནང་དོན། “རྩ་བས་ད་ལོའི་སྲིད་འཛིན་གྱི་འོས་བསྡུས་སྐབས་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཡོང་གི་རེད། ཡིན་ན་ཡང་། ངས་བསམ་པར་རྒྱལ་ཁ་ང་ཚོར་ཐོབ་ཀྱི་རེད། སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུར་ད་དུང་ཉི་མ་༩༩ ལྷག་ཡོད་རེད། ང་ཚོས་ཉིན་དེ་དག་གི་ནང་ང་ཚོར་རྒྱལ་ཁ་འཐོབ་རྒྱུའི་གོ་སྐབས་བཟང་རུ་འགྲོ་རྒྱུའི་ལས་འགུལ་སྤེལ་དགོས་རེད་”ཅེས་དང་།

ཁོང་གིས་རང་ཉིད་ཨ་རིའི་སྲིད་འཛིན་ལ་བསྐྱར་དུ་འོས་འདེམས་བྱུང་ཚེ། སྐབས་སྔོན་མའི་སྲིད་འཛིན་གྱི་སྐབས་མཇུག་སྐྱོང་མ་ཚར་བའི་ལས་སྣེ་མང་པོ་ཞིག་སྐབས་གཉིས་པའི་སྲིད་འཛིན་དུ་ལངས་ནས་མཇུག་སྐྱོང་རྒྱུ་ཡིན་སྐོར་དང། ཡང་ཁོང་གིས་ང་ཚོས་ཡུ་རོབ་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་དང་། ཨ་རིའི་ནང་ཤེས་ཡོན་སློབ་གསོ་དང་རྡོ་སྣུམ་སོགས་ཀྱི་ཚོང་ལས་འཕེལ་རྒྱས་སུ་གཏོང་ཐུབ་ན། འབྱུང་འགྱུར་ལོ་བཅུ་ཕྲག་དེའི་ནང་ཨ་རའི་ནང་ཡར་རྒྱས་མི་འགྲོ་བའི་རྒྱུ་མཚན་གང་ཡང་མེད་སྐོར་ཡང་བརྗོད་ཡོད་འདུག

Share this:
༨༤ ཀློག་གྲངས།