སྐད་ཡིག་ཡར་རྒྱས་སྐོར་ལ་བགྲོ་གླེང༌།

ྋགོང་ས་མཆོག་གི་བཀའ་ཇི་ལྟར་སྒྲུབ་དགོས་སམ་ཞེས་པའི་བརྗོད་བྱའི་ཐོག་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་གཞོན་པ་ཕུན་རབ་ཆོས་བཟང་ལགས་ཀྱིས་གསུང་བཤད་དང༌། གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ་ཞེས་པའི་བརྗོད་བྱའི་ཐོག་མོན་གྷོ་བོད་མིའི་ས་འཐུས་ཚོགས་གཙོ་བསྟན་པ་ཀྲི་ཀེ་ལགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། མི་མང་དང་སློབ་ཕྲུག་རྣམས་ཀྱིས་ཚོར་བ་རྣོན་པོའི་ཐོག་ནས་གསུང་བཤད་གནང་མཁན་གསུམ་ལ་དྲི་བ་དྲིས་ལན་གནང་བ་དང༌། སློབ་མ་ཚོར་བསམ་ཚུལ་བསྡུ་ལེན་གྱི་འགེངས་ཤོག་ཅིག་ཀྱང་བཀྲམ་ཡོད་པ་རེད། རིགས་གཅིག་རྐང་འཛིན་ཡོང་ཐབས་ལ་གཞུང་དང་སྒེར་སོ་སོས་ག་རེ་བྱེད་དགོས་པ་དང༌། སློབ་གྲྭའི་དགེ་རྒན་ཚོས་ད་ལྟའི་སློབ་ཁྲིད་གནང་སྟངས་དང༌། ཕ་མ་དང་རྒན་རབས་པ་ཚོས་སློབ་གསོ་གནང་སྟངས། གཞུང་གིས་གྲ་སྒྲིག་བྱེད་སྟངས་སོགས་ཀྱི་ཐད་ལ་མི་འགྲིག་པ་དེ་འདྲ་མཐོང་སོང་ངམ། ཁྱེད་རང་གིས་བོད་ཀྱི་སྐད་ཡིག་བདག་སྐྱོང་བྱེད་རྒྱུའི་ཐབས་ལམ་གང་འདྲ་ཞིག་འཚོལ་རྒྱུ་ཡིན་ནམ། ཞེས་པའི་དོན་ཚན་གསུམ་གྱི་ཐོག་བགྲོ་གླེང་གོ་སྒྲིག་པས་མཇུག་བསྡོམས་གསལ་བཤད་དང་འབྲེལ་སྐུ་མགོན་དང་མི་མང་སློབ་ཕྲུག་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། 
             མོན་གྷོ་གསར་འགོད་པ་དཀོན་མཆོག་རིག་བཟང་གིས།

Share this:
༩༨ ཀློག་གྲངས།