བྷེལ་ཀོབ་ཏུ་གཉན་ནད་རེག་དུག་འགོག་ཐབས་ཀྱི་ཟབ་སྦྱོང༌།

དེ་རྗེས་འཕྲོད་བསྟེན་འགན་འཛིན་ལགས་ཀྱིས་ལས་འགུལ་གྱི་གལ་ཆེའི་རང་བཞིན་དང་ན་ཚ་དེའི་ཉེན་ཁ། ན་ཚ་དེ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དཀའ་ངལ་སོགས་ཀྱི་ཐོག་གཏམ་བཤད་གནང་རྗེས་ཕུན་ཚོགས་ཆོས་འཕེལ་ལགས་ཀྱིས་ཟབ་ཁྲིད་དངོས་སུ་འགོ་འཛུགས་བྱས་ཡོད་པ་རེད། གདམ་ག་ཚོགས་པའི་གཉན་ནད་རེག་དུག་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་འདི་ནི་ཕྱི་ལོ་༢༠༠༩ ལོའི་ཁོང་ཚོའི་ལས་འགུལ་ཐོག་མ་དེ་ཡིན་པ་དང༌། བྷེལ་ཀོབ་ཏུ་ཉིན་གཉིས། དེ་ནས་ཧོན་སུར། ཀོ་ལེ་གྷལ་སོགས་སུ་རིམ་བསྐྱོད་ཀྱིས་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་ཕུན་ཚོགས་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌། ཟབ་ཁྲིད་པ་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་ལས་འགུལ་དེ་ནི་རང་གཞུང་ནང་སྲིད་དང་འཕྲོད་བསྟེན་ལས་ཁུངས། དེ་བཞིན་གཞོན་ནུ་དང་བུད་མེད་ཚོགས་པ་བཅས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ཡང་དག་བྱས་ཤིང་གདམ་ག་ཚོགས་པས་གོ་སྒྲིག་བྱས་ནས་སྤེལ་གྱི་ཡོད་སྐོར་གསུངས་སོང༌། ཟབ་སྦྱོང་ལ་བཅར་མཁན་ན་གཞོན་དང་རྒན་རྒོན་ཚང་མས་དོ་སྣང་ཆེན་པོས་ཟབ་ཁྲིད་ལ་ཉན་པ་དང་ཟབ་ཁྲིད་ཀྱི་ཐབས་ལམ་ཡག་པོ་ཡོད་པར་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།

Share this:
༨༧ ཀློག་གྲངས།