ངའི་སྦྲ་ནག་བུ་མོ།། རོག་ཆུང་ལོ་སྐུར་བའི་གླུ་སྐད་ཡིན།།

                                                   
ཁ་བ་ལྷབ་ལྷུབ་བབས་པའི་མཚན་མོ་དེ་ན།།
སྐར་མ་རབ་རིབ་ཤར་བའི་དམག་རུབ་དེ་ན།།
ལྗོང་ཤིང་ཀྱོག་པོའི་འོག་གི་སྙན་གཏམ་དེ་ནི།།
ས་མཐའི་བུ་ཆུང་ང་ཡི་ན་ཟུག་རེད་འདུག།།

སྐྱ་རེང་ཟླ་འོད་ཚེར་བའི་རྐང་ལམ་བར་ན།།

ཇོ་མོ་བླ་རི་བརྒལ་བའི་རི་བོའི་རྩེ་ན།།
སྐྲ་ལོ་རླུང་ལ་བསྐྱུར་བའི་ངེས་འབྱུང་སེེམས་པ།།
རྣམ་དག་སེམས་པ་འདི་ལ་རང་གཟུགས་མི་འདུག།།
རྒྱང་རིང་མིག་ལ་མཛེས་པའི་སྐལ་བཟང་མེ་ཏོག།།
ཡིད་འོང་སྙིང་ལ་དུང་བའི་གངས་དཀར་ལྷ་མོར།།
ཐུན་གསུམ་གཉིད་ལམ་ཞིང་གི་ཆུང་འདྲིས་བྱམས་པ།།
མཚན་མོའི་གཉིད་ཐེབ་གཅོག་པའི་རྒྱུ་ལས་མི་འདུག།།
Share this:
༡༣༨ ཀློག་གྲངས།