སྤེལ་ལྗམ་དུ་མི་མང་ལ་བསམ་ཚུལ་བསྡུ་ལེན།

ཕྱི་ཟླ་༨པའི་ཚེས་༡༡ དང་༡༢ སྟེ་ཉིན་གཉིས་རིང་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་གཙོས་རྒྱུན་ལས་རྣམས་་དང་། སློབ་སྟོན་པ་བསྟན་འཛིན་ནོར་བུ། སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་དང་དོན་གཅོད་དྲུང་ཡིག་ཀརྨ་བཅས་སྤེལ་ལྗམ་ནང་བོད་མི་གནས་སྡོད་སའི་ས་་གནས་ཁག་དྲུག་སྟེ་

ཨོ་སི་ཐན་ཏེན་དང་བྷུ་རུ་རྗེའུ། གྷེན་ཊི། ལུའུ་ཝན། སྦར་སིལ། ཨན་ཀྲོབ་བཅས་སུ་ཕྱོགས་བསྐྱོད་གནང་ཡོད་པ་རེད། ཐེངས་འདིར་ས་གནས་ཁག་དྲུག་ནང་ཕྱོགས་བསྐྱོད་དགོས་བའི་དོན་གནད་ཁག་ནི། ༡།སྐབས་དྲུག་པའི་བོད་རིགས་ཚོགས་པའི་ས་གནས་འཐུས་མི་འོས་འདེམས་དང་རྒྱུན་ལས་རྣམ་པ་ངོ་སྤྲོད།

༢།བོད་རིགས་ཚོགས་པའི་སྒྲིག་གཞི་དང་རྩིས་ཁྲའི་སྐོར་མི་མང་ལ་གསལ་བཤད་དང་འགྲེལ་བརྗོད།

༣།ཕྱི་ཟླ་དགུ་བའི་ནང་འཚོགས་འཆར་ཡོད་པའི་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་ལ་སྤེལ་རྗམ་མི་མང་གི་བསམ་ཚུལ་བསྡུ་ལེན། ༤།ལོ་གསུམ་རིང་བོད་རིགས་ཚོགས་པའི་ལས་དོན་སྒྲུབ་ཕྱོགས་ལ་མི་མང་གི་དགོངས་ཚུལ་ཇི་ཡོད་བསྡུ་ལེན།

༥།སྦར་སིལ་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་རྡོ་རྗེས་ས་གནས་ཁག་གི་མི་མང་ལ་གསུང་བཤད་ལམ་སྟོན་ གནང་རྒྱུ།

༦། ཕྱི་ལོ་༢༠༡༢ ལོའི་རྒྱལ་དོན་དང་བླངས་དཔྱ་དངུལ་བསྡུ་ལེན་བཅས་ཀྱི་ཆེད་ཡིན་ལ། ད་རེས་ཀྱི་སྐོར་བསྐྱོད་འདི་ནི་སྤེལ་ལྗམ་བོད་རིགས་ཚོགས་པའི་ལོ་རྒྱུས་ནང་རྒྱུན་ལས་ཚང་འཛོམས་དང་སློབ་སྟོན་པ་བཅས་ས་གནས་ས་ཐོག་ལ་ལྷན་ཏུ་བསྐྱོད་ཐེངས་དང་པོ་དེ་ཡིན་འདུག སྤར་སིལ་སྐུ་ཚབ་དོན་གཅོད་རྒྱལ་ས་སྤར་སིལ་དང་ཨན་ཊོབ་ལས་གཞན་བོད་རིགས་འདུས་སྡོད་ས་གནས་གཞན་དག་ལ་བསྐྱོད་ཐེངས་དང་པོ་དེ་ཆགས་ཡོད་འདུག

གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།

Share this:
༩༩ ཀློག་གྲངས།