ཨ་རིའི་ཁང་ཆེན་ཞིག་ལ་གནམ་གྲུ་རྡུང་ཁ་ཐེབས་འདུག

རྗེས་སུ་དབུས་འགྲུལ་སྐྱེལ་བདེ་འཇགས་ལྷན་ཚོགས་ཀྱིས་བརྗོད་གསལ་ལ། གནམ་གྲུ་སྟངས་འཛིན་པས་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་བ་དང་ཁ་ཆར་བུ་ཡུག་འཚུབ་བཞིན་ཡོད་པས༌། འཕུར་བསྐྱོད་ཀྱི་རེའུ་མིག་ལྟར་འགྲོ་མི་ཐུབ་པའི་རེ་བསྐུལ་ཞུ་དགོས་ངེས་ཡིན་ཡང༌། སྐབས་དེར་གནས་ཚུལ་གང་ཡང་གསལ་ཁ་བྱུང་མེད་པས་མཐར་གནམ་གྲུའི་གཤོག་པའི་འོག་ཏུ་འཁྱག་པ་ཆགས་ཏེ་རྡབ་སྐྱོན་བྱུང་བ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
    དེ་བཞིན་གནམ་གྲུའི་ནང་གི་ལས་བྱེད་པས་གངས་ཆར་དང་ལྷག་རླུང་གི་ཉེན་ཁ་ཆེ་བས། ས་གནས་ཤིག་ཏུ་མར་འབབ་ཆོག་པའི་ཆོག་མཆན་རག་ཐབས་བྱས་ཡོད་ཀྱང༌། དེ་ནས་ཆོག་མཆན་བརྡ་འབྱོར་གྱི་དུས་ཚོད་མ་སླེབས་གོང་གནམ་གྲུ་གྲོང་ཁྱེར་ནེའུ་ཡོག་གི་ཁང་ཆེན་ཞིག་ལ་རྡུང་ཁ་ཐེབས་ཡོད་འདུག དོགས་གཞི་ཞིག་ཡོད་པ་ནི་ཁ་ལོ་བས་གནམ་ཐང་སྟངས་འཛིན་ལྷན་ཚོགས་ལ་གོང་གི་གནམ་གཤིས་ཀྱི་དཀའ་ངལ་སོགས་བརྡ་ལན་གང་ཡང་སྤྲད་མེད་པ་རེད་ཅེས་གནས་ཚུལ་བརྒྱུད་བསྒྲགས་བྱས་ཡོད་པ་རེད། 

Share this:
༡༠༤ ཀློག་གྲངས།