དཀྲོག་གཏམ་རིགས་ཀྱི་གནས་ཚུལ་ངེས་པར་དུ་བཀག་གི་ཡིན།

news photos from mundgod 2012  8  17 1ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཁ་ཆེ་བའི་འཇིགས་སྐུལ་དང་དཀྲོག་གཏམ་གང་མང་ཞིག་སྤེལ་བཞིན་ཡོད་པར་བརྟེན།  བྷང་ག་ལོར་སོགས་ཀ་ཊ་ཀ་མངའ་སྡེའི་ནང་ཡོད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་མི་ཧ་ཅང་མང་པོ་ཉེན་གཡོར་དུ་འགྲོ་བཞིན་ཡོད་འདུག

ཟླ་འདིའི་ཚེས ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་འགོའི་གཙོས་སྤྱི་མི་དང་ཕྱག་མཛོད་ཀྱི་སྐུ་ཚབ་བཅས་གནད་ཡོད་མི་སྣ་ཁག་གཅིག་རྒྱ་གར་ཧུབ་ལི་གྲོང་ཁྱེར་ས་གནས་སྐོར་སྲུང་བའི་ལས་ཁུངས་སུ་བཅར་ནས་གནད་དོན་དེའི་ཐད་ནས་ས་གནས་བོད་རིགས་ཚོར་དཀའ་ངལ་མི་འཕྲད་པའི་རོགས་མགོན་སྐྱབས་འཇུག་གནང་རོགས་ཞུས་ཡོད་པ་རེད།

ཉིན་དེའི་དགོང་དྲོ་ཆུ་ཚོད་༦  དྲུག་པའི་ཐོག་རྒྱ་གར་ལྷོ་ཕྱོགས་དྷར་ཝར་རྫོང་དང་ཀར་ཝར་རྫོང་། དེ་བཞིན་ཧུབ་ལི་བཅས་ཀྱི་ས་གནས་སྐོར་སྲུང་བ་མཐོང་ཤོས་ཁག་ཅིག་ཆེད་ཕེབས་ཀྱིས་མོན་གྷོ་ཌི་ས་གནས་ཀྱི་གནད་ཡོད་མི་སྣ་ཚོ་དང་ལྷན་དུ་ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

news photos from mundgod 2012  8  17 2སྐབས་དེར་ཚོགས་ཐོག་ཏུ་ས་གནས་སྐོར་སྲུང་བའི་དཔོན་རིགས་ཚོས་ཉེ་བའི་ཆར་གནས་ཚུལ་སྟབས་མ་ལེགས་པ་དེ་འདྲ་བྱུང་ཡོད་པ་རེད།  དམིགས་བསལ་གྱི་ཁྱེད་རང་ཚོའི་གདོང་རིས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མི་རིགས་ཁག་ཅིག་དང་འདྲ་བོ་ཡོད་པས།  དེ་ལྟར་གནས་ཚུལ་ལྷག་གི་ཡོད་པ་རེད།  དེའི་གནད་དོན་གཙོ་བོ་གཅིག་རྒྱ་གར་བྱང་ཤར་ཨ་སམ་ནང་ལོགས་སུ་ཆོས་ལུགས་ཀྱི་ནང་ཁུར་རྩོད་རྙོགས་ཤིག་འབྱུང་བཞིན་ཡོད་པ་རེད། གཉིས་པ་དེ་བྷང་ལ་དྷེ་ཤིའི་ས་མཚམས་སུ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།  དེ་གཞིན་འབར་མའི་ནང་ལ་ནང་པ་དང་ཁ་ཆེའི་བར་ལ་དཀའ་རྙོག་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་རེད་ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་གསུང་དོན། གཙོ་བོ་རྒྱུ་མཚན་འདི་ཚོ་ལ་བརྟེན་ནས་ད་ལྟའི་ཆར་གནས་ཚུལ་དངོས་དང་དཀྲོག་གཏམ་གྱི་རིགས་མང་པོ་ཁྱབ་བསྡད་ཡོད་པ་རེད།  ང་རང་ཚོའི་སྤྱི་ཚོགས་ནང་ལོགས་སུ་འདྲ་པར་རྫུན་བཟོ་དང་གློག་བརྙན་སོགས་དངོས་བདེན་མ་ཡིན་པའི་གནས་ཚུལ་མང་པོ་ཞིག་དཀྲུག་ཤིང་བཟོ་ཆེད་དུ་བཀྲམ་བསྡད་ཡོད་པ་རེད། ང་ཚོས་ངོས་ནས་ཉེ་བའི་ཆར་དེ་འདྲའི་ལས་ཀ་བྱེད་མི་རེ་ཟུང་ཞིག་འཇུ་བཟུང་བྱས་ཡོད།  སྤྱིང་བཏང་བཤད་ན་ཀ་ཎ་ཊ་ཀ་མངའ་སྡེ་འདི་ཞི་བདེ་བག་ཕེབས་ཀྱི་བསྟི་གནས་ཤིག་ཡིན།  ཡིན་ནའང་ད་ལྟའི་ཆར་གནས་ཚུལ་འདི་འདྲ་ཞིག་ཁྱབ་ཡོང་དུས་ང་ཚོའི་ངོས་ནས་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད་བརྗོད་སོང་།

ཁོང་གིས་མུ་མཐུད་དཀྲོག་གཏམ་དེའི་རིགས་བཀག་འགོག་དགོས་སྐོར་གསུང་དོན། གནས་ཚུལ་འདིའི་རིགས་ང་ཚོས་ངོས་ནས་ངེས་པར་དུ་བཀག་འགོག་བྱེད་དགོས་པ་རེད།   ཁྱེད་རང་ཚོའི་ངོས་ནས་འཚབ་ཚུབ་མ་གནང་རོགས།  ཁྱེད་རང་ཚོའི་རྒྱབ་ན་ང་ཚོ་སྐོར་སྲུང་བ་དུས་རྟག་ཏུ་ཡོད།   དེར་བརྟེན་རྣམས་པ་ཚོའི་ངོས་ནས་བློ་འཚབ་མ་གནང་རོགས།   ཡིན་ནའང་བོད་པ་ཚོ་ཧུབ་ལི་སོགས་སུ་ཕེབས་པའི་སྐབས་སུ་མི་མང་པོ་མཉམ་དུ་ཕེབས་རོགས་གནང་།  གཅིག་པུར་མ་ཕེབས་རོགས་གནང་།   གལ་སྲིད་ཁྲོམ་སོགས་སུ་འགྲོ་སྐབས་དཀའ་ངལ་འདྲ་འཕྲད་སོང་ན་སྐོར་སྲུང་བར་ལན་སྐྱེལ་རོགས།   དེ་མིན་འཕྲུལ་རྟ་དང་སྣུབ་འཁོར་སོགས་ཀྱི་ཨང་གྲངས་བློ་ལ་ངེས་ཐུབ་བྱེད་དགོས།     དེ་ཚོ་སྐོར་སྲུང་བར་སྤྲོད་ཐུབ་ན་གནད་དོན་ཐག་ཆོད་བྱེད་ལས་སློ་པོ་ཡོད་པ་རེད།   གལ་ཆེ་ཤོས་དེ་ཁྱེད་རང་ཚོའི་ངོས་ནས་དཀྲོག་གཏམ་རིགས་དེ་གཅིག་ཀྱང་མ་སྤེལ་རོགས།   ང་ཚོས་ངོས་ནས་ཧུབ་ལི་གྲོང་ཁྱེར་ནང་ཡོད་པའི་ཁ་ཆེའི་གནད་ཡོད་མི་སྣ་ཡོངས་རྫོགས་བསྡུ་བསྐོང་གིས་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད།  ཚོགས་འདུ་དེའི་སྐབས་སུ་ཁོ་ཚོར་ཁྱེད་རང་ཚོའི་མི་ལ་བདག་པོ་རྒྱག་རོགས་གནང་།  སྤྱི་ཚོགས་ནང་བསྡབ་གསིག་མ་གཏོང་རོགས།  གལ་སྲིད་ང་ཚོའི་ལབ་པ་དེར་ཁྱེད་རང་ཚོའི་མ་ཉན་པར་དེ་འདྲ་བྱུང་སོང་ན།  ང་ཚོ་སྐོར་སྲུང་བའི་ངོས་ནས་ཡར་མར་འགྲོ་བསྐྱོད་སོགས་བཀག་འགོག་ཚ་ནན་བྱེད་ངེས་ཡིན་ཅེས་སོགས་ལབ་ཡོད།   ས་གནས་ཀྱི་ཁ་ཆེ་བའི་གནད་ཡོད་ཚོས་ཀྱང་ཁས་ལེན་གནང་སོང་།  ཁོང་ཚོས་གནས་ཚུལ་དེ་དག་གསལ་པོ་བཟོས་ནས་གཞོན་སྐྱེས་ཚོར་སློབ་གསོ་རྒྱག་ངེས་རེད་ཅེས་སོགས་བརྗོད་སོང་།

གཞན་ཡང་རྒྱ་གར་མངའ་སྡེ་གཞུང་ངོས་ནས་དཔོན་རིགས་ཚོས་ཧ་ཅང་ཐུགས་ཁུར་ཆེ་བཞེས་ཀྱིས་མོན་གྷོ་ཌི་ས་གནས་སུ་དམིིགས་བསལ་སྐོར་སྲུང་བ་རུ་ཁག་གཅིག་གནས་ཚུལ་འདི་ཞི་འཇགས་མ་སོང་གི་བར་དུ་བོད་མིའི་བདེ་འཇགས་ཀྱི་ཆེད་དུ་བཞག་ཡོད་པ་རེད།།                       མོན་གྷོ་གསར་འགོད་པས།

Share this:
༡༢༦ ཀློག་གྲངས།