མོན་གྷོ་ཌི་རུ་མཆོད་འབུལ།

ཟླ་འདིའི་ཚེས་༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་༩ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོའི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཞིག་མོན་གྷོ་ཌི་རུ་འཚོགས་ཡོད་པ་རེད།

དེ་ཡང་ཚོགས་ཐོག་ཏུ་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་པ་གཙོས་སེར་སྐྱ་མི་མང་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་ཐོག་སྨོན་ལམ་གསུང་འདོན་དང་མཆོད་འབུལ་ཟབ་རྒྱས་གནང་སོང་ལ།   སྐབས་དེར་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། བསམ་བརྗོད་ལས་འདས་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེའི་འབྱུང་རྐྱེན་གཙོ་བོ་རྒྱ་གཞུང་གིས་གདུག་རྩུབ་དང་དྲག་གནོན་སོགས་ལ་བཟོད་ཐབས་བྲལ་བ་ཞིག་དང་།  དེ་བཞིན་བོད་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་།  སྨྲ་བརྗོད་རང་དབང་སོགས་ཀྱི་ཆེད་དུ་བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱིས་གཅེས་བའི་ལུས་སྲོག་མེ་ལ་བསྒྲོན་དགོས་བྱུང་ཡོད་པ་དང་།  གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་མངོན་འདོད་གང་ཡོད་པ་དེར་ང་ཚོ་ཕྱི་སྡོད་བོད་མི་ཚོས་ངོས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདྲ་མིན་བསྟུད་མར་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་བརྗོད་སོང་།།

མོན་གྷོ་གསར་འགོད་པས།

Share this:
༥༤ ཀློག་གྲངས།