“ཁུག་རྟའི”དམིགས་འབེན་གཙོ་བོ་གཞོན་ལྷན་ཡིན།

དབུ་མའི་ལམ་ལས་འགུལ་ཁང་ཞེས་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་མང་བྱང་ཁ་ལ་ཁྱེར་ཏེ་རང་ལྟོ་སྤྱི་དོན་ལ་གཡར་མཁན་གྱི་ཚོགས་སྡེ་འདིས་བོད་སྤྱི་པའི་བདེན་དོན་ལ་བྱས་རྗེས་གང་ཞིག་བཞག་མིན་དང་། འབུར་དུ་ཐོན་པའི་ཕྱག་ལས་ཅི་ཞིག་གནང་མིན་གྱི་ལས་གཞི་ སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་དེ་ཙམ་གྱིས་ཚོགས་སྡེ་འདིར་དགག་རྒྱག་བྱེད་འདོད་མེད་ལ་བྱེད་དགོས་དོན་ཡང་མེད། འོན་ཀྱང་གཞུང་སྒེར་གྱི་ ཚོགས་པ་གང་གི་ལང་ཕྱོགས་དང་མི་མཐུན་པའི་མིང་བྱང་རྫིག་པོ་ཞིག་སྤྱད་དེ།སྤུན་ཟླ་ནང་ཁུལ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཕན་ཚུན་ལ་དཀྲུགསཤིང་གི་གཡུལ་འཐབས་བྱེད་ཡོང་དུས། མ་གོ་མ་ཐོས་པའི་མགོ་བོ་དུད་ནས་འགྲོ་འདོད་ནི་དེ་བས་ཀྱང་མེད།

དེས་ན་དབུ་མའི་ལམ་ལས་འགུལ་ཁང་ཞེས་མི་ངན་རྐྱང་རྐྱང་གིས་གྲུབ་པའི་ཚོགས་སྡེ་འདིའི་ དྲུང་ཆེ”ཁུག་རྟ”ཟེར་བའི་དུད་འགྲོའི་མིང་ཅན་གྱིས་རྟག་ཏུ་ཟུར་ཟ་དང་ཕྲག་དོག་གིས་རང་རྒྱུད་སྦོས་བཅུག་སྟེ། བཙན་བྱོལ་སྤྱི་ཚོགས་སུ་ཡང་དང་བསྐྱར་དུ་མཐོང་ཐོས་མི་འདོད་པའི་ནད་ ཡམས་ཤིག་གིས་ཁྱབ་ཐབས་སུ་འབད་འབུང་ཇི་ལྟར་བྱེད་མུས་ཀྱི་དོན་དངོས་ཤིག་བརྗོད་ན་འདོད།


སྤྱིར་ཚོགས་པ་སྒྲིག་འཛུགས་གང་ཡིན་ཡང་སོ་སོའི་ལང་ཕྱོགས་གསལ་སྟོན་བྱེད་དགོས་པ་ དོན་དངོས་ཡིན་ཡང་། ཚོགས་སྡེ་ཕན་ཚུན་དབར་ཟུར་ཟ་ཕྲག་དོག་གིས་ལུས་ངག་ཡིད་གསུམ་ འགུལ་བཅུག་པ་ལ་དགོས་པ་དང་རྒྱབ་ལྗོངས་ཡང་དག་ཅིག་མེད་པ་སུས་ཀྱང་ཤེས།


རེད་དེ”ཁུག་རྟ”ལྟ་བུར་མཚོན་ན་རྟག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁ་གཏད་དུ་ལངས་ ཐབས་ཀྱི་ངལ་རྩོལ་ཧུར་ཐག་བྱེད་བཞིན་ཡོད་ལ། བོད་པའི་སྤྱི་ཚོགས་ལ་བོད་ཀྱི་གཞོན་ནུ་ལྷན ་ཚོགས་ཟེར་དུས་དྲག་སྤྱོད་པ་དང་གོང་ས་མཆོག་གི་རྒྱབ་འགལ་བ་ཞིག་ཡིན་པའི་ངོས་འཛིན་ཡོང་ཐབས་སུ་འབད་པ་ལྷུར་ལེན་ཡང་བྱེད་ཀྱིན་ཡོད།

 

ཉེ་བའི་ཆར་གླིང་ཚང་མ་བུ་གསུམ་གྱིས་ལྷག་བསམ་ཟོལ་མེད་ཀྱིས་ཞི་བའི་གོམ་བསྒྲོད་བྱེད་སྐབས། མ་བུ་གསུམ་ལ་རྒྱ་དམར་གྱི་དར་ ཆ་ཁྱེར་བཅུག་སྟེ་རྗེས་ནས་གསལ་འགོད་གསལ་བསྒྲགས་ཀྱི་ནང་དོན་གཙོ་བོ་རྣམས་ཀྱང་གཞོན་ལྷན་ལ་དམིགས་པའི་ཟུར་ཟ་རྐྱང་རྐྱང་ཡིན། མཚུངས་”ཁུག་རྟས”རྩོམ་སྒྲིག་བྱས་པའི” ཆབ་སྲིད་དཔྱད་གླེང”ཞེས་པའི་ཚགས་ཤོག་འདོན་ཐེངས་གསུམ་པའི་ངོས་སུ་ཡང”ཁུག་རྟས”བོད་ཀྱི་གཞིན་ནུ་ལྷན་ཚོགས་དྲག་སྤྱོད་པ་ཞིག་གི་ངོས་སུ་བསྒོས་འདུག་སྟེ། ཁོས”མི་བཞི་ནས ་ལྔ་འདུས་པའི་སྒྲིག་འཛུགས་ཤིག་གིས་རྒྱ་ནག་དབུས་གཞུང་གཉིད་མི་ཁུག་པ་ཞིག་བཟོ་མི་ཐུབ་པ་ཅི་ལ་སྲིད། འོན་ཀྱང་བོད་མི་རྣམས་ཀྱིས་རང་བཙན་རྩོད་ཀྱི་མེད་པ་དང”ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོའི་རང་བཙན་རྩོད་མཁན་རྣམས་དྲག་སྤྱོད་པ་ཞིག་གི་ངོས་འཛིན་བྱས་ཡོད།


དེ་ཡང་ཁོང་ཚོས་ཁ་ནས་བཤད་པ་ལྟར་དོན་དངོས་ཀྱི་དབུ་མའི་ལམ་གྱི་ལས་འགུལ་ཁང་ཞིག་ཡིན་ན། ཁོང་ཚོའི་ལས་དོན་གཙོ་བོ་ནི་དབུ་མའི་ལམ་གྱི་གོ་དོན་དང་དེའི་རྒྱབ་ལྗོངས་གང་ཡིན ་གྱི་གསལ་བཤད་དང་། མི་མང་ལ་འདིའི་ཕྱོགས་ཀྱི་གོ་རྟོགས་སྤེལ་རྒྱུ་ཡིན་དགོས་པ་ལས། ཚོགས་སྡེ་དང་སྒྲིག་འཛུགས་རྣམས་ལ་དགག་རྒྱག་དང་སྐྱོན་བརྗོད་ཀྱི་མདའ་མོ་ནང་དུ་སྐོར་མཁན་གྱི་ལས་ཁུངས་ཆེད་བཙུགས་ཤིག་ནམ་ཡང་ཡིན་མི་འོས་སོ།


ད་དུང་ཁོས་ཟླ་༧་པའི་ཚེས་༢༧་ཉིན་དབུ་མའི་ལམ་དང་རང་བཙན་གྱི་ཟབ་སྦྱོང་ལ་ཁ་གཡར་ཏེ། འཇམ་དབྱངས་ནོར་བས་བརྩམས་པའི”རང་བཙན”།“བོད་ཀྱི་གནད་དོན”ཞེས་པའི་རྩོམ་ཡིག་ལ་དགག་རྒྱག་དང་ལྷན་དུ། སྐབས་དེའི་གཏམ་བཤད་པ་ཀརྨ་ཆོས་འཕེལ་གྱི་ཁ་ནས་བོད་ཀྱི་ གཞོན་ནུ་ལྷན་ཚོགས་ཀྱིས་གཙོའི་རང་བཙན་རྩོད་ལེན་པ་རྣམས་ལ་དགག་རྒྱག་ཙམ་ཨེ་ཡོང་གི་རེ་བའི་འོག།།ཁོང་ལ་དེའི་སྐོར་གྱི་བསམ་ཚུལ་ཅི་ཡོད་ཀྱི་དྲི་བ་བཏོནཡོད། གནད་དོན་འདི་ལྟ་ བུར་མཚོན་ན་དེང་ཐོག་གླེང་དགོས་པ་ཞིག་དང་།རང་བཙན་དང་དབུ་མ་གང་ཡིན་གྱི་ཁ་ཕྱོགས ་རྩོད་དགོས་པའི་སྐབས་ཤིག་གཏན་ནས་མིན་མོད།འོན་ཀྱང་། ཁུག་རྟ་ལྟ་བུར་མཚོན་ན་རྟག་ཏུ་ འདི་ལྟ་བུའི་ལས་གཞི་སྣ་མང་སྤེལ་མཁན་གྱི་གྲས་ཤིག་རེད།


ཡང་ཟླ་བ་༧་ཚེས་༡༣་ཉིན་དབུས་མའི་ལམ་གྱི་རྒྱུན་ལས་མང་གཙོའི་ལམ་ནས་འདེམས་ཐོན་ བྱུང་ཡོད་ཅེས་གསལ་བསྒྲགས་བྱས་པ་དེ་ཡང་། ཚོགས་སྡེ་གཞན་ལ་ཁ་གཏད་ཀྱི་རྣམ་པ་མཚོན ་བྱེད་ཁོ་ན་ཙམ་དུ་མ་ཟད།ཚོགས་མི་རྣམས་ལ་ལས་ཞུགས་དགོས་པའི་དངོས་ཤུགས་རྒྱུད་ གསུམ་གྱི་སྐུལ་སློང་རབ་དང་རིམ་པ་བྱས་ཡོད་པ་རྒྱུ་མཚན་སྣ་ཚོགས་ལས་ཤེས། དཔེར་ན་ འདི་གའི་ང་དང་འཛིན་གྲྭ་གཅིག་པའི་སློབ་ཕྲུག་བཞི་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་སུ་གློ་བུར་གྱིས་ཞུགས་འདུག་པ་དང་། ཁྱད་པར་དུ་དེའི་ནང་གི་སློབ་ཕྲུག་གཅིག་ལ་མཚོན་ ན་རྟག་ཏུ་རང་བཙན་རྩོད་ལེན་གྱི་སེམས་གཏིང་གི་ངར་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་གཞིན་ནུ་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་འདོད་ཀྱི་འདུན་པ་དང་ཆོད་ སེམས་གཏན་པོ་ཡོད་མཁན་ཞིག་ཀྱང་ཡིན། འོན་ཀྱང་ཁོང་གློ་བུར་གྱིས་ཚོགས་སྡེ་དེར་ཞུགས ་དགོས་ཐུག་སོང་བ་དེ་ཡང་གནད་དོན་གང་ཞིག་གིས་རླབས་འོག་ཏུ་ཤོར་སོང་བ་ཡིན་མིན་ལ་དོགས་པ་རྩད་ནས་མི་དགོས་པ་ཞིག་རེད།


མདོར་ན་དབུ་མའི་ལས་ལས་འགུལ་ཁང་གིས་ལས་ལས་བསུབས་བསུབས་པོ་རྣམས་ཟུར་ཟ་ ཕྲག་དོག་གི་ཀུན་ནས་བསླངས་ཤིང་། གཡོ་རྒྱུ་འཁྲབ་གསུམ་གྱི་བརྫུན་བཟོ་བྱས་ཏེ། སྤུན་ཟླ་ ནང་ཁུལ་དང་། སྒྲིག་འཛུགས་དང་ཚོགས་སྡེ་ཕན་ཚུན་དབར་མི་འོས་པའི་ལས་གཞི་སྣ་ཚོགས་ ཀྱི་གྲུབ་གཟུགས་ཡོད་པ་ཁོ་ནའོ།།

                                                    སྤྱི་ལོ༢༠༡༢་ཟླ་བ་༨་ཚེས་༢༦་ཉིན་བྲིས།

Share this:
༢༠༨ ཀློག་གྲངས།