བདེན་པའི་མེ་ལྕེ་མོན་གྷོར་འབྱོད་འདུག

ཟླ་འདིའི་ཚེས་༢༨ ཉིན་གྱི་སྔ་དྲོ་༡༠ པ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་གྷོ་ཝ་ནས་ཀར་ཝར་རྫོང་ཐོག་ཏུ་འབྱོར་ཡོད་པ་དང་། དེར་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་ནས་ས་འཐུས་ཚོགས་གཙོ་དང་།

  news photo meje from mundgod 2012  8  28 2ས་གནས་འགོ་འཛིན།  གཞན་ཡང་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་སྤྱི་མི་ཕྱག་མཛོད་བཅས་ཀྱི་གཙོས་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་ཀྱིས་བདེན་པའི་མེ་ལྕེ་རྩིས་ལེན་བྱས་ཡོད་པ་མ་ཟད། ཉིན་འདིར་ཀར་ཝར་རྫོང་ཐོག་ཏུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མཉམ་དུ་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

དེ་བཞིན་ཉིན་འདིའི་ཕྱི་དྲོ་ཆུ་ཚོད་༥ པ་ཙམ་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དངོས་སུ་མོན་གྷོ་འདུད་རྒུ་གླིང་ས་གནས་གཞིས་ལས་ཁང་གི་མདུན་ཐང་དུ་འབྱོར་ཡོད་པ་དང་།  སྐབས་དེར་གཞིས་མཉམ་གཉིས་ཀྱི་ལས་བྱེད་ཡོངས་ཀྱི་ལག་ཏུ་ཁ་བཏགས་བཟུང་ནས་དགའ་བསུ་སྣེ་ལེན་ཟབ་རྒྱས་གནང་སོང་ལ།  ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དགུ་པའི་ཐོག་མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་དུ་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་།  དེ་ནས་ཕྱི་ཟླ་༩ ཚེས་༨ བར་མོན་གྷོ་འདོད་རྒུ་གླིང་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱིས་འགན་ཁུར་ཐོག་དགོན་སྡེ་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་དེ་ནས་རིམ་པས་ས་གནས་འདི་གའི་ཁྱབ་ཁོངས་མོན་གྷོ་ཌི་དང་།  ཧིབ་ལི།  དྷར་ཝར་སོགས་རྒྱ་གར་གྱི་གྲོང་དང་གྲོང་ཁྱེར་ཁག་གཅིག་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་རེད།

མོན་གྷོ་གསར་འགོད་པས།

Share this:
༨༢ ཀློག་གྲངས།