བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་༥༡ ཟིན་འདུག

sft_2012_8_29དེ་རིང་ཞོགས་པར་བོད་མི་མང་དག་ཅིག་གིས་བོད་ནང་ནས་རང་ལུས་མེ་རུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་ཕུང་ལག་ཏུ་བཟུང་སྟེ། དྷ་ས་མེག་གྷན་རླངས་འཁོར་འབབ་ཚུགས་ཀྱི་སྲང་ལམ་ནས་ལུས་གན་རྐྱལ་དུ་ཉལ་ཏེ་འདས་པོ་ཚོར་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་བསྟན་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ གི་སྟེང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ངྷ་ས་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་འོག  བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲངས་ཀ་༥༡ བརྒལ་བ་དང་སྟབས་བསྟུན། མ་འོངས་པར་ཡང་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་གུ་ཡངས་ཀྱི་འགྱུར་བ་མ་བཏང་པར། མུ་མཐུད་དུ་རང་ལུས་མེར་བསྲེག་གཏོང་མཁན་རྒྱུན་མི་ཆད་པར་ཡོང་རྒྱུ་ཡིན་པའི་སེམས་འཚབ་ཆེན་པོས།  མེག་གྷན་རླངས་འཁོར་འབབ་ཚུགས་ཀྱི་སྲང་ལམ་ནས་ངྷ་སར་གནས་སྡོད་བོད་མི་བརྒྱ་སྐོར་ཞིག་གིས།  sft1_2012_8_29རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་དང་། འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ལ་མཐོང་ཆེ་བའི་འཛམ་གླིང་གི་རྒྱལ་ཁབ་ཚང་མས། བོད་དོན་བདེན་མཐའ་གསལ་ཐབས་ལ་རྒྱབ་སྐྱོར་གྱིས། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་གནོན་ཤུགས་སྤྲད་ཆེད། བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པའི་གྲངས་ཀ་དང་མཉམ་པའི། བོད་མི་སེར་སྐྱ་ཕོ་མོ་ ༥༡ གིས་ལག་ཏུ་བོད་ནང་གི་རང་ལུས་མེ་རུ་ཕུལ་མཁན་ཚོའི་སྐུ་པར་རེ་བཟུང་སྟེ། མེག་གྷན་རླངས་འཁོར་འབབ་ཚུགས་ཀྱི་སྲང་ལམ་ནས་ལུས་གན་རྐྱལ་དུ་ཉལ་ཏེ་འདས་པོ་ཚོར་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་བསྟན་སོང་ལ། ད་དུང་ཚོགས་པ་ཁག་གི་སྐུ་ཚབ་དང་། ཆབ་སྲིད་བཙོན་ཟུར། ལས་འགུལ་གོ་སྒྲིག་པ་ཁག་ཅིག་གིས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་པའི་ཞལ་ཆེམས་ལས་འགུལ་བ་ཚོའི་ཁྲོད་སྒྲོགས་སྦྱང་གནང་སོང་།

དེ་རིང་གི་ལས་འགུལ་དེ་ནི་དྷ་ས་ཙམ་མ་ཡིན་པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ཨ་རི་དང་། ཁེ་ཎ་ཊ། ཨིང་ལེན། ལྡ་ལི་བཅས་སུ་ལས་འགུལ་དེ་སྤེལ་ཡོད་པ་རེད།

Share this:
༢༨༤ ཀློག་གྲངས།