ཇོ་མོ་གླང་མའི་རྩེར་ཆུ་ཚོད་ཉེར་བཞིར་སྡོད་འཆར།

    ༢༠༠༤ ལོར་བུ་རྒན་པ་སྤེན་པ་ཇོ་མོ་གླང་མའི་རྩེར་ཆུ་ཚོད་༨ དང་སྐར་མ་༡༠ རིང་བསྡད་དེ་གྲགས་ཅན་ཐོ་འགོད་དེབ་ཐེར་ནང་བཀོད་ཟིན་རུང༌། དེའི་རྗེས་སུ་ཤར་པ་བྷ་བྷུས་ཤ་རའི་ཟེར་བ་ཇོ་མོ་གླང་མའི་རྩེར་ཆུ་ཚོད་༢༠ རིང་བསྡད་དེ་སྤེན་པ་ལས་སྐད་གྲགས་ཆེ་བ་ཆགས་ཡོད་པ་རེད། ཡིན་ན་ཡང་ཉེ་དུས་ཤར་པ་བྷ་བྷུས་ཤ་རའི་ཚེ་ལས་འདས་ཟིན་པ་དང་སྟབས་བསྟུན་ནས། སྤེན་པས་འགོ་འཁྲིད་དེ་ཁོང་བུ་སྤུན་གསུམ་གྱིས་གུར་དང་ཐག་པ་སྨན་རིགས་དེ་མིན་ལག་ཆ་སོགས་གྲ་སྒྲིག་ཆ་ཚང་བྱས་ཡོད་པ་དང༌། ཉེན་ཁ་ལ་མ་འཛེམས་པར་མདུན་མཆོངས་བྱེད་ངེས་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། སྤྱིར་བཏང་ཇོ་མོ་གླང་མར་འཛེགས་མཁན་ནི་ཧ་ཅང་མང་པོ་ཡོད་ཅིང༌། དེའི་ནང་ནས་ཉི་ཧོང་བ་རང་ལོ་༧༦ ཅན་ཞིག་ཉིན་༢ ནང་རི་རྩེར་འབྱོར་མྱོང་ཡོད་པ་དང༌། ཕྱི་རྒྱལ་བ་མིག་ལོང་བ་ཞིག་ཕ་རྒན་གྱི་ལམ་སྟོན་དང་ཐག་པས་སྣེ་འཁྲིད་ཀྱི་ཐབས་ལམ་འོག་རི་རྩེར་འབྱོར་བ་སོགས་སྣ་ཚོགས་ཡོད་པ་རེད། ཤར་པ་སྤུན་གསུམ་ནི་ཕྱི་ཟླ་༤ པའི་ཟླ་འགོ་ནས་འགྲོ་རྒྱུ་ཡིན་པ་རེད།།

Share this:
༩༦ ཀློག་གྲངས།