ལུགས་བསམ་མཉམ་འབྲེལ་ཚོགས་ཁང་སྒོ་འབྱེད།

ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་གསར་པ་རྒྱ་གར་ཀར་ཎ་ཊ་ཀའི་མངའ་སྡེའི་མཉམ་འབྲེལ་བློན་ཆེན་གྱིས་སྒོ་འབྱེད་གནང་ཡོད་རེད།

dscn2169དེ་ཡང་ཚེས་༡༤ ཉིན་གོང་ཆུ་ཚོད་ བཅུ་ཕྱེད་ཐོག་ཀར་ཎ་ཊ་ཀའི་མངའ་སྡེའི་མཉམ་འབྲེལ་བློན་ཆེན་སྐུ་ཞབས་Puttaswamy པུ་ཊ་སུ་ཝ་ སྐུ་མགྲོན་དུ་ཕེབས་འབྱོར་བྱུང་བ་དང་། ལྷོ་སྤྱི་དང་། ཆོས་རིག་བཀའ་བློན་ཟུར་པ་ཚེ་རིང་ཕུན་ཚོགས། འབྲེལ་ཡོད་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆག་ཁག་ལྔའི་ས་གནས་འགོ་འཛིན་དང་མཉམ་འབྲེལ། ས་འཐུས་དང་རང་བདེན་ཚོགས་ཆུང་སོགས་འབྲེལ་ཡོད་ཚོགས་སྡེ་ཁག་དང་། དེ་བཞིན་ས་གནས་མེ་སོར་རྫོང་དང་ཏ་ལུག   གྲོང་སྡེ་སོགས་ཀྱི་འབྲེལ་ཡོད་རྒྱ་གར་གནད་ཡོད་མི་སྣ། གཞན་ལུགས་བསམ་མཉམ་འབྲེལ་ཤེས་བདག་མི་མང་བཅས་ཚོགས་བཅར་བ་མི་གྲངས་བདུན་བརྒྱ་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་དང་། སྐུ་མགྲོན་གཙོ་བོས་ཚོགས་ཁང་སྒོ་འབྱེད་ཀྱི་དར་མཚོན་བྲག་པ་དང་། སྣང་གསལ་ཞལ་ཕྱེ། གོང་ས་མཆོག་གི་སྐུ་པར་རིན་པོ་ཆེར་མཇལ་དར་ཕུལ་རྗེས། ལུགས་བསམ་མཉམ་འབྲེལ་ཚོགས་གཙོ་དང་ལྷོ་སྤྱི། ལུགས་བསམ་ས་གནས་འགོ་འཛིན་བཅས་ནས་སྒོ་འབྱེད་དང་འབྲེལ་བའི་གཏམ་བཤད་གནང་སོང་།

dsc_0132སྐུ་མགྲོན་གཙོ་བོ་སྐུ་ཞབས་པུ་ཊ་སུ་ཝ་མེ་ཡིས་བོད་མིའི་མཉམ་འབྲེལ་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་དང་འབྲེལ། མ་འོངས་པར་མཉམ་འབྲེལ་ཀྱི་ལས་དོན་གང་ཡོད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་སོགས་གཏམ་བཤད་གནང་ཡོད་པ་རེད། ད་དུང་ཀར་ཎ་ཊ་ཀའི་མངའ་སྡེ་བློན་ཆེན་སྐུ་ཞབས་ jagadish shettar ཡིས་གསུང་འཕྲིན་ཞིག་གནང་འདུག་པ་སྒྲོགས་སྦྱང་བྱས་པའི་ནང་། “ཕྱི་ལོ་ ༡༩༦༠ ནས་ལུགས་བསམ་མཉམ་འབྲེལ་དབུ་འཛུགས་ཀྱིས་ད་བར་མི་མང་གི་བདེ་དོན་ཆེད་དཔེ་མཚོན་ཐུབ་པའི་ཕྱག་ལས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ལྷག་པར་ཚོགས་ཁང་གསར་རྒྱག་ནི་མ་འོངས་གཞིས་མི་ཡོངས་ནས་ནུས་ཤུགས་སྤེལ་ཐུབ་པའི་ཐབས་ཤེས་བཟང་པོ་ཞིག་ཀྱང་ཡིན། གུས་པས་དེ་རིང་གི་གོ་སྐབས་འདི་བརྒྱུད་ལུགས་བསམ་མཉམ་འབྲེལ་གྱི་བྱེད་སྒོ་ཡོངས་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུད་ཡོད།” ཅེས་འཁོད་ཡོད་པ་རེད།

མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་མཛད་སྒོ་ངོ་སྤྲོད་སྐབས་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་གསར་རྒྱག་གི་ལས་རིམ་ནང་ཐོག་མར་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གི་ཧིན་སྒོར་འབུ་ ༡༥ དང་། རྒྱལ་རོང་མཁན་ཟུར་མཆོག་གིས་ཧིན་སྒོར་འབུམ་ ༡ གསོལ་བསྩལ་གནང་བ་བཅས་གཞི་ལ་བཞག་པའི་ཐོག་མི་མང་དང་། འབྲེལ་ཡོད་ཀྱིས་ཞལ་འདེབས་དང་མཉམ་འབྲེལ་ལས་འཆར་སྔོན་རྩིས་སོགས་ཧིན་སྒོར་འབུམ་ ༦༤ མ་གནས་བཏང་སྟེ། མི་གྲངས་བརྒྱད་བརྒྱ་ཙམ་གྱི་སྐུབ་སྟེགས་ཤོང་ཚད་ཀྱི་ཚོགས་ཁང་ཞིག་གསར་སྐྲུན་བྱས་ཡོད་པ་དང་། ཚོགས་ཁང་དེ་ནི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ཚོགས་ཁང་ཚང་ཆེ་ཤོས་སུ་གྱུར་ཡོད་པའི་ངོ་སྤྲོད་བྱས་སོང་།

མེ་སོར་གསར་འགོད་པས།

Share this:
༡༦༧ ཀློག་གྲངས།