རྒྱུད་སྟོད་ཤེས་ཡོན་ཚོགས་ཆུང་གི་གསལ་བསྒྲགས།

༄༅། །བོད་རྒྱལ་ལོ་༢༡༤༠ རབ་གནས་ཆུ་སྦྲུལ་ལོའི་བོད་ཟླ་༡ ཚེས་༢༠ དང་ཕྱི་ལོ་ ༢༠༡༣ ཟླ་༣ ཚེས་ ༢ ཉིན་སྐལ་བཟང་རྣམ་འདྲེན་སྟོང་གི་སྤྱི་ཕུད་ཀུན་མཁྱེན་མཉམ་མེད་ཤཀྱ་སེང་གེའི་རིང་ལུགས་དྲི་མ་མེད་པ་མདོ་སྔགས་ཀྱི་ཆོས་ཚུལ་དང་

བྱེ་བྲག་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་གསང་ཆེན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་རྣམས་ཀྱིས་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་ཐུགས་གཏན་འཁེལ་བ་ལགས་ན། དེ་སྔོན་གསལ་བསྒྲགས་ཞུས་དོན་ལྟར་སྔོན་འགྲོའི་རྩོད་རྒྱུགས་ཤིག་སྔོན་དུ་མ་སོང་ཚེ་འབྱུང་འགྱུར་སྔགས་ཀྱི་དམ་བཅའ་བཞག་རྒྱུའི་ལམ་བུ་མེད་པས། དེ་དོན་ཚང་མའི་གལ་ཆེ་དོན་ཆེར་གཟིགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་བལ་ཁུལ་གནས་བཞུགས་རང་རེ་གྲྭ་ཚང་གི་ཁོངས་གཏོགས་བླ་སྤྲུལ་དགེ་བཤེས་ལྷ་རམས་པ་རྒྱུགས་སྤྲོད་འབུལ་དགོས་རིགས་ཚང་མ་དུས་ཐོག་ངེས་ཕེབས་ཡོང་བའི་ཞབས་སྐུལ་དང་། སྔགས་རྒྱུགས་ཕེབས་མི་རྣམས་བོད་ཟླ་ ༡༢ ཚེས་ ༡༥ ནང་ཚུད་གཤམ་གསལ་ཞལ་བྱང་ཐོག་ལན་གསལ་དགོས་རྒྱུ་དང། འདི་ནས་བཞུགས་གནས་ཀྱི་མཚོན་པས་གང་ཅིར་གོ་སྒྲིག་ཞུ་ཁྱད་འདུག་པས་དེ་དོན་དགོངས་འཇགས་བཅས།

རྒྱུད་སྟོད་ཤེས་ཡོན་ཚོགས་ཆུང་ནས་ཕྱི་༢༠༡༢ ཟླ་༨ ཚེས་༢༠ ལ་ཕུལ།།

Share this:
༡༥༦ ཀློག་གྲངས།