དྭང་ཞབས་པས་༧གོང་ས་མཆོག་ལ་བརྟན་བཞུགས།

dalail_lama1_2012_9_22དེ་རིང་ཞོགས་པར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དྭང་ཞབས་འགོ་མང་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་རྒྱས་ཞུས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་ནས་འགོ་བརྩམས་ཏེ་ཉིན་ལྔའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རང་རིགས་དྭང་ཞབས་པ་ཡོངས་ཀྱི་གོ་སྒྲིག་འོག ༧རྒྱལ་བའི་སྐུ་ཕྱཱ་དང་། བོད་དོན་བདེན་མཐའ་སེལ་ཐབས་སུ་དམིགས་ཏེ་མཧཱ་གུ་རུའི་འབུམ་ཚོགས་འཚོག་བཞིན་ཡོད་པ་དང་བསྟུན་ཏེ། dalail_lama_2012_9_22ཕྱི་ཚེས་༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རང་རིགས་དྭང་ཞབས་འགོ་མང་ཡོངས་ནས། ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཟབ་རྒྱས་ཞུས་སོང་།

བརྟན་བཞུགས་ཐོག་༧གོང་ས་མཆོག་གིས་དབུས། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་གྲྭ་བཙུན་རྣམ་པ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞིའི་ལས་བྱེད་པ་རྣམ་པ། དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་བཅས་མཉམ་འཛོམས་ཐོག རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་རིན་ཆེས་མཎྜལ་ལྗགས་བཤད་བྱས་སོང་ལ། དེར་འཛོམས་པའི་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཀྱང་གནང་སོང་།

dalail_lama1_2012_9_22

Share this:
༡༡༧ ཀློག་གྲངས།