བསྐྱར་དུ་བོད་མི་ཞིག་གིས་རང་སྲེག་ངོ་རྒོལ།

དེ་རིང་བསྐྱར་དུ་མདོ་སྨད་བླ་བྲང་ནས་ཡིན་པའི་བོད་མི་ཞིག་གིས་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ལས་ཁང་གི་སྒོ་འགྲམ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། མདོ་སྨད་བླ་བྲང་ནས་རང་ལོ་༥༧ ཅན་གྱི་རྡོ་རྗེ་རིན་ཆེན་ཟེར་བ་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་གྱི་སྲང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་གྲོངས་ཡོད་འདུག་ལ།  ཁོང་གིས་རང་ལུས་མེར་སྲེག་བཏང་རྗེས་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་ཕྱིར་སྡེ་བའི་ནང་ཁྱེར་ཡོད་འདུག

http://www.tibetexpress.net/bo/home/2010-02-04-05-37-19/9497-2012-10-25-11-43-05

Share this:
༦༠ ཀློག་གྲངས།