གྲགས་ཅན་རྩོམ་པ་པོ་ཚེ་རིང་འོད་ཟེར་།

གྲགས་ཅན་རྩོམ་པ་པོ་ཚེ་རིང་འོད་ཟེར་ནི་ཆེས་འབུལ་དུ་ཐོན་པའི་བོད་རིགས་ཤེས་ལྡན་པ་ཞིག་ཡིན་པ་མ་ཚད་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ནང་གི་བོད་རིགས་བུ་མེད་འཇོན་ཐང་ཆེ་ཤོས་དེ་ཡིན་པ་རེད་།  ཁོང་གི་བོད་མི་རིགས་ཀྱི་ལས་དབང་ཐད་བཞག་པའི་རྩོམ་ཡིག་རེ་རེའི་རྒྱ་བོད་ཤེས་ལྡན་པ་འབུམ་ཕྲག་ནས་འབུམ་ཕྲག་གི་བསམ་བློའི་རྨོངས་གཉིད་ནས་སེལ་ཐུབ་ཡོད་། 

གལ་སྲིད་བོད་བཞུགས་ཁོང་འདྲ་བའི་བོད་རིགས་ཤེས་ལྡན་པ་དང་སྙིང་སྟོབས་ཅན་གཉིས་གསུམ་ཞིག་ཡོད་ན་མི་ལོ་ལྔ་བཅུ་སོང་བའི་མཚམས་འདིར་གཉིས་ཕན་དབུ་མའི་ལམ་ཀྱི་གྲུབ་འབྲས་བཤད་ཆོག་པ་ཞིག་ཡོད་སྙམ། དེས་ན་ཁོང་འདྲ་བའི་བོད་བཞུགས་བོད་མིའི་ལས་དབང་དང་ནུས་པ་ལྡན་པའི་ཕྱག་ལས་གནང་བའི་གྲུབ་འབྲས་ལ་ཅི་ཡང་མ་བསམ་པ་ཚིག་མཐོ་དམན་ཙམ་དང་ལྟ་ཚུལ་ཅུང་མ་མཐུན་པའི་རྒྱུ་མཚན་དུ་བྱས་ནས་ཁོང་ལ་ཁ་རྡུང་བཏང་ཀྱང་བྱེད་ནས་ཟིན་བྲིས་སྤེལ་བ་དང་མཆན་འདེབས་པའི་རྣམ་འགྱུར་འདི་ཕྱོགས་ག་ནས་བལྟས་ཀྱང་ལོང་བཤད་ཡིན་པ་ལས་གནད་ལུགས་ཡོད་པའི་གྲལ་ཏུ་བགྲང་མཁན་མེད་། དཔེ་ན་བཀའ་སྤྱིའི་གཉིས་ཀྱི་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༥༨ ཚད་འཛིན་བྱེད་པ་དང་གྲགས་ཅན་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༦༠ ཐམ་པ་བརྩི་བ་འདིར་མ་མཐུན་པའི་ཆ་དེར་དཔང་རྟགས་གསལ་པོ་ཡོད་མེད་ལ་ལྟ་སྟངས་མ་འདྲ་བས་རྩིས་ཚུལ་འདི་གཉིས་བྱུང་བ་་ལས་གཞན་མེད་། དེ་སྔོན་ཡང་དཔའ་བོ་བཀྲ་བྷེ་ལགས་གྲངས་ཀའི་ནང་སྟོན་མི་འདུག་ཅེས་ཁོང་གི་བཀའ་སྤྱི་གཉིས་ལ་བརྡ་མང་པོ་བཏང་ཡོད་། རྗེས་སུ་མོའི་རྩོམ་ཡིག་དེ་དག་མདོ་སྨད་པ་འགས་ལུང་གྲངས་ནས་བཀའ་སྤྱིའི་འབོད་ཚིག་ལ་འགྱུར་བ་བཏང་དགོས་བཟོ་འདུག། གང་ལྟར་འདི་དག་བཀའ་སྤྱི་གཉིས་ཡིན་ན་འདྲ་།  གྲགས་ཅན་རྩོམ་པ་པོ་འོད་ཟེར་ཡིན་ན་ཆོག རྒྱལ་གཅེས་པ་སུ་ཡིན་ན་ཡང་ལས་ཞོལ་ཏུ་ཡོང་སྲིད་པའི་བྱ་བ་ཞིག་ལས་གོ་རྟོགས་མེད་པའི་གནད་ལུགས་ག་ནས་ཡིན་། དེས་ན་དོན་འདིར་གོ་རྟོགས་མི་འདུག་ཅེས་ཁ་རྡུང་བཏང་རིན་ཆོག་པ་ཞིག་འདུག་གམ་མི་འདུག་ཐུགས་བཞེད་གནང་རོགས།

Share this:
༢༦༢ ཀློག་གྲངས།