ཉེར་དགུའི་གླུད་ཚབ་ཏུ་མའོ་དང་ཧུའུ་ཡི་འདྲ་གཟུགས་གཡུཌ་པ།

    དེ་ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་གསུང་དོན། དོ་དགོང་གི་ལས་འགུལ་འདི་ནི་ད་བར་དུ་བོད་དོན་ཆེད་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་དང༌། བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་ཉེས་མེད་བཙོན་པ་སོགས་ལ་ཡི་རང་གུས་བཀུར་དང༌། གདུང་སེམས་མཉམ་བསྐྱེད། མྱ་ངན་གུས་འདུད་ཞུ་ཆེད་དང༌། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ནང་ལོ་གཅིག་ནང་གི་མི་འདོད་པ་དང༌། ཆག་སྒོའི་རིགས་ཞི་བའི་ཆེད་གླུད་གཡུག་གི་ཡོད་པ་དང༌། མོའོ་དང་ཧུའུ་ཡི་འདྲ་གཟུགས་དེའི་ཚབ་ཏུ་གཡུག་དགོས་དོན་ནི། བོད་ལ་མི་འདོད་པའི་སྡུག་བསྔལ་དང་མནར་གཅོད་རིགས་བཟོ་མཁན་དང༌། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆག་སྒོ་ནི་རྒྱ་ནག་གི་བཙན་འཛུལ་ཡིན་པའི་ཆ་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་སྤོབས་པ་ཆེན་པོའི་ཐོག བོད་རྒྱལ་ཁབ་དེ་ཉིད་སླར་གསོ་བྱེད་པའི་ཆོད་སེམས་མཚོན་བྱེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་སོང༌། གཞན་ཡང་མི་མང་འབོར་ཆེན་ལས་འགུལ་དེར་ཞུགས་ནས་སོ་སོའི་ནང་ནས་གླུད་དང་མཉམ་དུ་མོའོ་དང་ཧུའུ་ཡི་འདྲ་པར་རེའང་གཡུགས་སོང༌།། 

Share this:
༢༢༠ ཀློག་གྲངས།