ཁམས་འབྲི་རུ་རྫོང་གི་བུ་སྤུན་གཉིས་འཛིན་བཟུང།

མི་རིགས་ཀྱི་ལ་རྒྱ་དང་སྐད་ཡིག་སྲུང་སྐྱོབ་དགོས་པ། ཕ་སྐད་གཙང་མ་རྒྱག་རྒྱུ་བཅས་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག འབྲོ་ཚང་གི་བུ་སྤུན་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་ཕྱི་ཟླ་༡༠ ཚེས་༢༨ ཉིན་ཁམས་འབྲི་རུ་རྫོང་རྩ་ལ་ཤང་མེ་རི་གྲོང་ཚོའི་འབྲོ་ཚང་གི་བུ་ཆེ་བ་ཟླ་བ་དང་། ཆུང་བ་ལྷ་འགྲུབ་གཉིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་ཁོང་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱེད་དགོས་དོན་ནི་མི་རིགས་ཀྱི་ལ་རྒྱ་དང་། སྐད་ཡིག་སྲུང་སྐྱོབ་དགོས་པ། ཕ་སྐད་གཙང་མ་རྒྱག་རྒྱུ་བཅས་ཀྱི་ལས་འགུལ་སྤེལ་རྐྱེན་ཡིན་པ་རེད་འདུག་ལ། དེང་སང་འབྲི་རུའི་ས་གནས་ཡོངས་དང་ལྷག་པར་རྩ་ལ་ཤང་ལ་དམ་དྲག་ཆེན་པོ་བྱས་རྐྱེན། ཁོང་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་ཙམ་ལས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ད་ལྟའི་གནས་སྟངས་སོགས་ཀྱི་གནས་ཚུལ་རག་ཁག་པོ་འདུག་ཅེས་བོད་ནས་འབྲེལ་བརྗོད་གནང་སོང་།

Share this:
༡༡༧ ཀློག་གྲངས།