རེབ་གོང་དུ་སློབ་མ་སྟོང་ཕྲག་མང་པོའི་ངོ་རྒོལ་སྐད་འབོད།

rabkong_11_9ཟླ་འདིའི་ཚེས་༩ ཉིན་སྟེ། བོད་ནང་གི་ཞོགས་པའི་ཆུ་ཚོད་༦ ཡས་མས་སུ་རེབ་གོ་རྨ་ལྷོ་དགེ་ཐོན་སློབ་གྲྭ་དང་། ཁུལ་མི་རིགས་སློབ་གྲྭ། ལས་རིགས་ལག་རྩལ་སློབ་གྲྭ། རྫོང་མི་རིགས་སློབ་འབྲིང་བཅས་ཀྱིས་རེབ་གོང་ཁུལ་ཐོག་ཏུ་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་རེད།

དེ་ཡང་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སློབ་མ་སྟོང་ཕྲག་མང་པོས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་འདོན་པ་དང་། ཞི་བའི་སྐད་འབོད་བྱས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་རྣ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་སྒོ་འགྲམ་་སོགས་སུ་གོམ་བགྲོད་བྱེད་ཀྱི་ཡོད་འདུག

བསོད་ནམས་ཀྱིས་གསུངས་པ་ལྟར་ན། ཁོང་ཚོའི་སྐད་འབོད་ནི་མི་རིགས་རང་དབང་། སྐད་ཡིག་འདྲ་མཉམ།  རྡོག་རྩ་གཅིག་སྒྲིལ། ཟེར་བཞིན་སློབ་མ་སྟོང་ཕྲག་མང་པོས་སྐད་རྒྱག་བཞིན་རོང་བོ་གྲོང་ཁྱེར་དུ་སྐད་འབོད་ཁྲོམ་བསྐོར་བྱེད་བཞིན་པ་བོད་ནས་གནས་ཚུལ་བཏང་འབྱོར་བྱུང་ཡོད་པ་རེད།rabkong4rebkong_01_2

Share this:
༨༥ ཀློག་གྲངས།