ལོ་ཚོད་མ་རན་པའི་བྱིས་པས་རབ་བྱུང་བསྒྲུབ་མི་ཆོག་ཟེར།

ཉེ་བའི་ཆར་བོད་མདོ་སྨད་རེབ་གོང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་གཏོང་མཁན་མུ་མཐུད་དུ་ཡོང་གི་ཡོད་པའི་གནས་སྟངས་འོག རྒྱ་གཞུང་གིས་དོན་ཚན་༧ ཅན་གྱི་ཡིག་ཆ་ཞིག་བཀྲམས་ཏེ་ཁུལ་དེའི་དགོན་སྡེ་ཁག་གཙོས་ས་གནས་མི་མང་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་རེད།

དེ་ཡང་རེབ་གོང་བློན་ཆོས་ཞང་ཏང་ཨུ་ཟེར་བས་“བློན་ཆོས་ཞང་དགོན་པའི་དོ་དམ་འོས་འགན་གྱི་དམིགས་བསལ་ཡིག་ཆ”ཞེས་པ་ཞིག་བཀྲམས་ཏེ།  ཁུལ་དེའི་དགོན་སྡེ་ཁག་གཙོས་ས་གནས་མི་མང་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་རེད་འདུག

དང་པོ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནམ་རྒྱུན་སྲུང་སྐྱོབ་བྱ་རྒྱུ། གཉིས་པ། ཁུལ་དང་རྫོང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་དགོས། གསུམ་པ། ནན་ཏན་སྒོས་སློབ་སྦྱོང་དང་རྒྱུན་འཁྱོངས་ངང་འབྲེལ་ཡོད་ཀྱི་ཆོས་ལུགས་ཤེས་བྱ་ནན་ཏན་མཐའ་འཁྱོལ་བྱེད་དགོས།

བཞི་པ། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོབ་དང་། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ངོ་རྒོལ་བྱ་དགོས། ལྔ་པ། དགོན་པའི་ནང་དུ་ཏཱ་ལའི་འདྲ་པར་འཇོག་པར་གཏན་འགོག་བྱ་རྒྱུ། དྲུག་པ། ཁྲིམས་ལྟར་དགོན་པའི་བྱ་བའི་བདག་གཉེར་ཤུགས་སྣོན་བྱ་དགོས། བདུན་པ། ལོ་ཚོད་མ་རན་པའི་བྱིས་པ་རབ་བྱུང་སྒྲུབ་པར་གཏན་འགོག་བྱ་རྒྱུ་བཅས་ཡིན་པ་དང་།  མཇུག་ཏུ་བློན་ཆོས་ཞང་ཏང་ཨུ་ནས་ཞེས་འཁོད་འདུག

Share this:
༧༢ ཀློག་གྲངས།