རྒྱ་གཞུང་གི་མགོ་ཁྲིད་གསར་པ་ཚོས་བོད་མིའི་རེ་འདུན་བསྒྲུབ་དགོས།

2012_11_15_2དེ་རིང་དགོང་དྲོར་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་མཉམ་འཛོམས་ཀྱིས། ཤི་ཅིང་ཕིང་གཙོས་པའི་རྒྱ་ནག་གི་མི་རབས་ལྔ་པའི་མགོ་ཁྲིད་གསར་པ་ཚོར། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཞིབ་འཇུག་གིས། བོད་མིའི་འཐབ་རྩོད་ཀྱི་དཀའ་ངལ་སེལ་དགོས་སྐོར་གྱི་བརྡ་ལན་སྤྲད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣།༣༠ ཀྱི་སྟེང་། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་གསར་པ་བསྐོ་བཞག་བྱས་པ་དང་བསྟུན་ཏེ་མེག་གྷན་དྷ་སའི་ཁྲོམ་གཞུང་དུ། ཏང་གི་ཚོགས་ཆེན་༡༨ པའི་སྐབས་བདམས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མི་སྣ་ཚོས། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཞིབ་འཇུག་གིས་མ་འོངས་པའི་སོ་སོའི་ལས་ཡུན་གྱི་ནང་། བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་སེལ་དགོས་པའི་རེ་འདུན་བཏོན་སོང་། 2012_11_15_1ལས་འགུལ་སྐབས་ཤི་ཅིང་ཕིང་གི་གཙོས་ཏང་གི་ཚོགས་མི་བདུན་གྱི་ངོ་འབག་གྱོན་པའི་མི་དེ་དག་གི་མདུན་ནས། ཐེངས་འདིའི་ལས་འགུལ་གོ་སྒྲིག་པ་ཁག་གི་སྐུ་ཚབ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་སྐད་ཡིན་འདྲ་མིན་ཐོག རྒྱ་གཞུང་གི་མི་རབས་ལྔ་པའི་གཙོ་འཛིན་མི་སྣ་ཚོས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་སྤྲད་དགོས་སྐོར་གྱི་རེ་འདུན་བཏོན་སོང་།

དེ་བཞིན་ལས་འགུལ་དེ་གྲུབ་མཚམས་དྷ་སའི་ས་གནས་གཞོན་ནུའི་གོ་སྒྲིག་འོག བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་མཉམ་འཛོམས་ཀྱིས། མེག་གྷན་དྷ་སའི་སྲང་ལམ་ནས་ཁྲོམ་སྐོར་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་གསར་པ་ཚོས། བོད་ནང་གི་བོད་མི་༧༢ གཉིས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་བཏང་བའི་གནས་སྟངས་དེ་དག་ཤེས་པའི་ཐོག་ནས། བོད་མིའི་མངོན་འདོད་བསྒྲུབ་དགོས་པའི་རེ་འདུན་བཏོན་སོང་།

Share this:
༤༨ ཀློག་གྲངས།