ཟ་ཁང་བོགས་མར་གཏོང་རྒྱུའི་གསལ་བསྒྲགས།

ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་ལྕགས་རིའི་ནང་གསར་དུ་བསྐྲུན་པའི་སྤྱི་པའི་ཟ་ཁང་ཐོག་བརྩེགས་གཉིས་ཅན། ཐབ་ཆས་དང་སྡོད་ཆས་རང་སྒྲིག་ཡོད་པ་དེ་ཉིད་བོགས་མར་གཏོང་གཏན་འཁེལ་སོང་ན། རང་ལ་ཟ་ཁང་འཛིན་སྐྱོང་གི་ཉམས་མྱོང་ལྡན་ཞིང་གཤམ་གསལ་ཆ་རྐྱེན་རྣམས་ཚང་བའི་བོགས་མར་ལེན་འདོད་ཡོད་རིགས་ནས། སྙན་ཞུ་ཞིག་འདི་ག་སློབ་ཁང་གི་རིགས་དྲུང་གི་མཚན་ཐོག་ཕྱི་ལོ་༢༠༡༢།༡༡།ཚེས་༢༥ ནང་ཚུན་ཕུལ་ཟིན་པ་དགོས།

༡། ཟ་ཁང་བོགས་མར་ལེན་འདོད་ཡོད་རིགས་ནས་ཧིན་སྒོར་ལྔ་ཁྲི་གཏའ་མའི་ཚུལ་དུ་ལོ་གསུམ་རིང་སློབ་གཉེར་ཁང་གི་མཚན་ཐོག་ཏུ་འཇོག་དགོས་ཤིང་། གལ་ཏེ་ཟ་ཁང་གི་བོགས་མའི་གན་འཇོག་དུས་ཡུན་ཕར་འགྱངས་བྱུང་མཚམས། གཏའ་མ་ཡང་དེ་མཚུངས་དུས་འགྱངས་དགོས་རྒྱུ་དང་། བོགས་མའི་གན་འཇོག་དུས་ཡུན་རྫོགས་རྗེས་གཏའ་དངུལ་སྐྱེད་བབས་དང་བཅས་པ་ཕྱིར་སློག་བྱ་རྒྱུ་ཡིན། ཡང་ན་རང་ཉིད་ལ་ཧིན་སྒོར་ལྔ་ཁྲིའམ་རིན་བབས་དེ་དང་མཉམ་པའི་དངུལ་ཁང་ནང་། དུས་བཀག་སྐྱེད་བཅོལ་སོགས་ཀྱི་འཛིན་ཤོག་ཡོད་རིགས་ནས་འཛིན་དེ་ཉིད་གཏའ་མའི་ཚུལ་དུ་སློབ་ཁང་ལ་བཅོལ་བས་ཀྱང་འཐུས།
༢། བོགས་མའི་རྒྱན་གྲལ་དུ་ཞུགས་པའི་ཆ་རྐྱེན་རྣམས་ཚང་བའི་ཐོག ཆ་རྐྱེན་གཞན་ཞིག་ནིི་བོད་ཟས་དང་རྒྱ་གར་གྱི་ཟས། རྒྱ་གར་ལྷོ་ཕྱོགས་པའི་ཟས། ཨིཊ་ལི་དང་དྷོསཱ་བཅས་ཀྱི་ཟས་རིགས་དེ་དག་དཀར་རྐྱང་ལེགས་པར་བཟོ་ཐུབ་པ་ཞིག་ལ་བོགས་མ་གཏོང་རྒྱུ།
༣།བོགས་མར་ལེན་འདོད་ཡོད་པ་རྣམས་ནས་རང་གི་བཟོ་འཆར་ཟས་ཐོའི་རེའུ་མིག་དང་ཟས་སྣ་སོ་སོའི་རིན་གོང་གི་ཐོ་གཞུང་ལས་ཁུངས་སུ་འབུལ་དགོས་ལ། རིན་གོང་དེ་དག་འགྲིག་མིན་འདི་ག་སློབ་ཁང་གི་འབྲེལ་ཡོད་སྟངས་འཛིན་ཚོགས་ཆུང་གིས་ཞིབ་འཇུག་བྱས་རྗེས་གཏན་འབེབས་ཟིན་པའི་རིན་ཚད་རྣམས་ཟ་ཁང་དུ་དུས་བསྟུན་ལག་བསྟར་བྱ་རྒྱུ་ཡིན།
༤། ཟ་ཁང་བོགས་མར་གཏོང་ལེན་བྱ་རྒྱུའི་དུས་ཡུན་ཐོག་མར་ལོ་གསུམ་ཡིན་ཞིང་། དུས་ཡུན་རྫོགས་མཚམས་སླར་ཡང་ལོ་གསུམ་ཕར་འགྱངས་ཞུ་ཆོག་ཀྱང་། དེའི་ཐད་འབྲེལ་ཡོད་ཚོགས་ཆུང་གིས་ཐག་གཅོད་ཅི་བྱུང་ལ་རག་ལས་པ་ཡིན།
༥། བོགས་མར་བླངས་པ་ཡིན་ན་ཟླ་རེར་བོགས་གླ་ཧིན་སྒོར་༢༥༠༠་༠༠གཙུག་སློབ་གཉེར་ཁང་གི་ལས་ཁུངས་སུ་འབྲེལ་ཡོད་ཟླ་བའི་ཚེས་༧ ནང་ཚུད་ཕུལ་ཟིན་པ་དགོས་རྒྱུ།
༦། ཟ་ཁང་གི་ཟླ་རེའི་གློག་རིན་འདི་ག་སློབ་ཁང་གི་གློག་ལས་པས་མིཊར་རྟོག་ཞིབ་ཀྱིས་གློག་རིན་ཇི་བབས་བོགས་ལེན་པ་རང་ནས་འབུལ་དགོས།
༧།གལ་ཏེ་ཟ་ཁང་གི་འཛིན་སྐྱོང་གཙུག་ལག་ཁང་གི་འདོད་བློ་ཁེངས་ངེས་མ་བྱུང་ཚེ། ཟླ་བ་གསུམ་གོང་ནས་སྔོན་བརྡ་བཏང་སྟེ་བོགས་མ་མཚམས་འཇོག་བྱ་རྒྱུ་ཡིན།

Share this:
༡༥༠ ཀློག་གྲངས།