རེབ་གོང་དུ་སླར་ཡང་རང་སྲེག་ངོ་རྒོལ།

བོད་མདོ་སྨད་རེབ་གོང་དུ་བོད་མི་ན་གཞོན་རང་ལོ་༡༨ཡིན་པ་ཀླུ་འབུམ་ཟེར་བ་ཞིག་གིས། རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་ཡོད་འདུག

དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་༤དང་ཕྱེད་ཀ་ཡས་མས་ཤིག་ལ། བོད་མདོ་སྨད་རེབ་གོང་དུ་བོད་མི་ན་གཞོན་རང་ལོ་༡༨ཡིན་པ་ཀླུ་འབུམ་ཟེར་བ་ཞིག་གིས་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་ཡོད་འདུག  ཁོང་འདས་གྲོངས་སུ་ཕྱིན་རྗེས་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རྒྱ་གཞུང་གི་ཉེན་རྟོག་པའི་ལག་ཏུ་ཤོར་མ་བཅུག་པར། སྡེ་བར་ཁུར་ནས་བསྔོ་སྨོན་གནང་ཡོད་འདུག འོན་ཀྱང་ད་ལྟའི་ཆར་ས་གནས་དེར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། ཁོང་གི་ཕའི་མིང་ལ་ཚེ་ཁོ་ཟེར་གྱི་ཡོད་པ་ཙམ་ལས་གཞན་གནས་ཚུལ་རྒྱས་པ་ཤེས་ཐུབ་ཀྱི་མེད་པ་རེད་འདུག

Share this:
༡༠༤ ཀློག་གྲངས།