མདོ་སྨད་དབུས་རྒྱུན་ལས་ཀྱི་གསལ་བསྒྲགས།

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་ཁོངས་གཏོགས་བླ་སྤྲུལ་མཁན་གསུམ་གྱི་གཙོས་སེར་སྐྱ་མི་མང་ཡོངས་ཀྱི་ཞབས་དྲུང་དུ་ཞུ་གསོལ།

དེ་ཡང་སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡ ཚེས་ ༢༨ ཉིན་བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་ཐམ་པ་འཁོར་བའི་མཛད་སྒོ་ཞིག་བཞུགས་སྒར་རྡ་སའི་ཁུལ་དུ་འཚོག་འཆར་ཡོད་ཅིང་། དེའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི།

༡། བོད་མདོ་སྨད་ཕྱི་རབས་པ་རྣམས་ཀྱིས། དང་ཐོག་དབུས་རྒྱུན་གསར་འཛུགས་དང་མུ་མཐུད་རྒྱུན་སྐྱོང་གནང་མཁན་གྱི་མདོ་སྨད་པ་རྒན་པ་ལྷག་བསམ་ཅན་རྣམས་ལ་ལེགས་སོའི་བསྔགས་བརྗོད་དང་འབྲེལ་བའི་རྗེས་དྲན་ཞུ་རྒྱུ།

༢། ད་ཡོད་མདོ་སྨད་པ་རྒན་པ་གནད་ཡོད་རྣམས་གདན་ཞུས་ཀྱིས་མདོ་སྨད་ཀྱི་ལས་དོན་སོགས་ལ་རམ་འདེགས་དང་ལམ་སྟོན། འབྲེལ་ལམ་སྔར་ལས་རྒྱ་གང་ཆེ་ཡོང་བ་སོགས་ཀྱི་ཐད་རྟིང་སྐུལ་དང་། མདོ་སྨད་པ་རྒན་དར་གཞོན་གསུམ་མ་ལུས་པ་འབྲེལ་ལམ་རྡོག་རྩ་གཅིག་སྒྲིལ་སྒོས་༸གོང་ས་ཡིད་བཞིན་ནོར་བུའི་ཐུགས་དགོངས་འགྲུབ་པར་རོགས་འདེགས་ཞབས་ཞུ་གང་ནུས་བསྒྲུབ་རྒྱུ་དང་གཞུང་སྒེར་གྱི་ལས་དོན་གང་ཅིའི་ཐད་ནུས་ཤུགས་གང་ཡོད་བཏོན་ཏེ། གཞིས་བྱེས་ལྷན་འཛོམས་ཡོང་སླད་འབད་པ་གང་ཐུབ་སྒྲུབ་པར་རྟིང་སྐུལ་ཞུ་རྒྱུ།

༣། ༸གོང་ས་ཡིད་བཞིན་ནོར་བུ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་གྱ་སྟོན་ཞུ་ཕྱོགས་ཐད་གོ་བསྡུར་ལྷུག་པོར་གནང་རྒྱུ་བཅས་ཡིན་ལ། མཛད་སྒོའི་ཚོགས་མགོན་དུ་༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཆིབས་སྒྱུར་བཀའ་དྲིན་གྱི་གསོལ་འདེབས་ཞུས་ཟིན་ཅིང། ཚོགས་ཕེབས་ཀྱི་རེ་བ་ཆེན་པོ་ཞུ་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར་ན་ཕྱོགས་མཐའ་ཁག་ན་བཞུགས་པའི་མདོ་སྨད་ཀྱི་མཁན་བླ་སྤྲུལ་སོགས་མདོ་སྨད་ཆོལ་ཁའི་གནད་ཡོད་མི་སྣ་ཡོངས་ཀྱི་གཙོས་མི་མང་ཡོངས་རྫོགས་ཚང་འཛོམས་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིག་པའི་མཛད་སྒོ་ཞིག་འཚོགས་འཆར་ལགས་ན། བོད་ལྗོངས་མདོ་སྨད་ཆོལ་ཁའི་རྒྱ་ཆེའི་མི་མང་ཡོངས་རྫོགས་ཀྱིས་མ་གོ་མ་ཐོས་མེད་པར་དུས་ལྟར་ངེས་ཕེབས་ཡོངས་བའི་ཡོང་ཁྱབ་གསལ་བསྒྲགས་སུ།

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༨ ཉིན།

Share this:
༡༢༣ ཀློག་གྲངས།