མདོ་སྨད་ཀླུ་ཆུ་རྫོང་དུ་རང་ལུས་མེར་སྲེག་གི་ངོ་རྒོལ།

tadun_kgyab_1ཟླ་འདིའི་ཚེས་༢༢དགོང་དྲོ་བོད་མདོ་སྨད་ཀན་ལྷོ་ཁུལ། ཀླུ་ཆུ་རྫོང་དུ་བོད་མི་རྟ་མགྲིན་སྐྱབས་ཀྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྟ་མགྲིན་སྐྱབས་ནི་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོང་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བ་ནས་ཡིན་པ་དང་། རང་ལོ་ ༢༣ ཡིན་འདུག ཁོང་གིས་ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

tadun_kgyab_2རྒྱལ་གཅེས་དཔའ་བོ་ཁོང་གིཟླ་འདིའི་ཚེས་༢༢ དགོང་མོ་རང་ལུས་མེར་སྲེག་བཏང་བ་ཡིན་པས། ཚེས་༢༣ ཞོགས་པ་བར་ས་གནས་བོད་མི་ཚོས་མ་ཤེས་རྟོག་ཐུབ་མེད་པ་དང་། ཉིན་དེར་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་བྱས་ཏེ། ཤིས་ཚང་དགོན་པའི་དགེ་འདུན་པ་ཆེད་ཕེབས་ཀྱིས་བསྔོ་སྨོན་གསུང་གི་ཡོད་འདུག

རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ནི་ཕ་ཚེ་འདས་ཚེ་རིང་བཀྲ་ཤིས་དང་། མ་སྒྲོ་མ་འཚོ་འམ་སྒྲོལ་སྒྲོལ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་སྤུ་མཆེད་གསུམ་ཡོད་པ་ལས་ཆེ་བའི་མིང་ལ་གདུགས་དཀར་སྐྱབས་དང་། ཆུང་བའི་མིང་ལ་འཇམ་དབྱངས་གྲགས་པ་ཟེར་གྱི་ཡོད་འདུག འཇམ་དབྱངས་གྲགས་པ་ཤིས་ཚང་དགོན་པའི་གྲྭ་་ཡིན་འདུག ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་འབོད་ཀྱི་ཡོད་འདུག

tadun_kgyab_3རྒྱལ་གཅེས་པ་ཁོང་ ༢༠༠༦ ལོར་ཤིས་ཚང་དགོན་པ་ཞུགས་ཡོད་འདུག་ལ།  སྐབས་དེར་ཁོང་གི་གྲྭ་མིང་ལ་འཇམ་དབྱངས་དགེ་འདུན་ཟེར་གྱི་ཡོད་པ་དང་།  ༢༠༠༧ ལོར་སྐྱ་སར་བབ་ཏེ་ད་ལྟའི་བར་འབྲོག་སར་བསྡད་ཡོད་པ་དང་། ཁོང་གིས་ནམ་རྒྱུན་བོད་ཁུལ་དུ་རང་ལུས་མེར་སྲེ་གཏོང་ཐེངས་རེར་། ཁོང་རང་ཉིད་ཀྱིས་དེ་འདྲ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཞེས་དང་། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་བོད་ཡུལ་དུ་མ་ཕེབས་ཚེ་འཇིག་རྟེན་འདིར་བསྡད་མ་བསྡད་མི་འདུག་ཅེས་བཤད་ཡོད་སྐོར་བོད་ནས་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་གནང་འདུག

ཀླུ་ཆུ་རྫོང་དུ་རང་ལུས་མེར་བསྲེཊ།

འདོན་སྤེལ། ༢༠༡༢/༡༡/༢༣

ཁ་སང་གཟའ་ཕུར་བུ་ཉིན་གྱི་དགོང་དྲོ་བོད་མདོ་སྨད་ཀན་ལྷོ་ཀླུ་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

ངྷ་ས་གནས་སྡོད་འཕྲིན་ལས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༡༠།༠༠  ཡས་མས་སུ་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོང་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ཀྱིས། ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་གི་ཁ་སང་དགོང་མོ་རང་ལུས་མེར་བསྲེཊ་བཏང་ཡོད་སྟབས། དེ་རིང་ཞོགས་པ་བར་ས་གནས་བོད་མི་ཚོས་མ་ཤེས་པར་ལྷག་ཡོད་ཀྱང་། ཞོགས་པར་གནས་ཚུལ་ཤེས་རྗེས་ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་བྱས་ཏེ། ད་ཆར་ཤིས་ཚང་དགོན་པའི་དགེ་འདུན་པ་ཆེད་ཕེབས་ཀྱིས་བསྔོ་སྨོན་གསུང་གི་ཡོད་འདུག

 

རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ནི་ཕ་ཚེ་འདས་ཚེ་རིང་བཀྲ་ཤིས་དང་། རང་ལོ་ ༤༧ ཡིན་པའི་མ་སྒྲོ་མ་འཚོ་འམ་སྒྲོལ་སྒྲོལ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་སྤུ་མཆེད་གསུམ་ཡོད་པ་ལས་ཕུ་བོ་ཆེ་བའི་མིང་ལ་གདུགས་དཀར་སྐྱབས་དང་། ཕུ་བོ་ཆུང་བའི་མིང་ལ་འཇམ་དབྱངས་གྲཊ་པ་འབོད་ཀྱི་ཡོད་འདུག་ལ། འཇམ་དབྱངས་གྲཊ་པ་ཤིས་ཚང་དགོན་པའི་གྲྭ་བ་ཡིན་འདུག ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་འབོད་ཀྱི་ཡོད་འདུག

རྒྱལ་གཅེས་པ་ཁོང་ ༢༠༠༦ ལོར་ཤིས་ཚང་དགོན་པ་ཞུགས་ཡོད་འདུག་ལ།  སྐབས་དེར་ཁོང་གི་གྲྭ་མིང་ལ་འཇམ་དབྱངས་དགེ་འདུན་འབོད་ཀྱི་ཡོད་འདུག  ༢༠༠༧ ལོར་སྐྱ་སར་བབ་ཏེ་ད་ལྟའི་བར་འབྲོག་སར་བསྡད་ཡོད་པ་དང་། ཁོང་གིས་ནམ་རྒྱུན་བོད་ཁུལ་དུ་རང་ལུས་མེར་བསྲེཊ་གཏོང་ཐེངས་རེར་། ཁོང་རང་ཉིད་ཀྱིས་དེ་འདྲ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཞེས་དང་། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་བོད་ཡུལ་དུ་མ་ཕེབས་ཚེ་འཇིག་རྟེན་འདིར་བསྡད་མ་བསྡད་མི་འདུག་ཅེས་བཤད་ཡོད་སྐོར་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་པར་བརྗོད་འདུག

Share this:
༡༤༦ ཀློག་གྲངས།