ཨེ་རླུང་གིས་སྣ་འདྲེན་བྱས་པའི་རྡ་སའི་སྐྱོན་མཚང་ཕྱིར་མངོན།།

ཨེ་རླུང་དང་འབྲེལ་བས་ཨ་རིའི་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་པའི་ཚོགས་གཙོས་བསྒྲགས་གཏམ་འདིས་གལ་ཆེ་བའི་གསར་བཤད་ཅིག་བྱས་ཡོད་པ་དེ་ནི། བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་དེ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་ནས་རང་སྐྱོང་ཞིག་རྩོད་ཀྱི་མེད་པར་དེ་ལས་ལྡོག་སྟེ་བོད་རང་དབང་རང་བཙན་དང་རྒྱ་ནག་དམར་པོའི་ཁྲིམས་འགལ་གྱིས་བཙན་འཛུལ་བོད་ནས་མཇུག་སྒྲིལ་དགོས་པ་འབོད་བསྐུལ་དེ་ཡིན་པར་ར་སྤྲོད་གསར་བོར་བྱས་འདུག །

དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་གྲོགས་པོ་ཚོས་ཡང་བོད་རང་དབང་རང་བཙན་གྱི་ལམ་ཁ་བོད་ནང་གི་བོད་མིས་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསལ་གསལ་ཐང་ཐང་ལ་ལབ་འདུག །མི་འདི་ཕལ་བ་ཞིག་མ་རེད་ལ་གྲོས་ཚོགས་ཀྱི་ཚོགས་མི་ཞིག་ཡང་མི་ཚད་པར་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་པའི་ཚོགས་གཙོ། ད་ཐེངས་ཨེ་རླུངས་གནད་དོན་ཙམ་ཞིག་མིན་པར་ཁོང་ལ་སྔ་མོ་ནས་རྡ་སའི་གཡོ་རྒྱུའི་འོག་ནས་ངོ་གཉིས་མས་འཐབ་རྩོད་དེ་ལ་མོས་མཐུན་མེད་པ་ཞིག་མངོན་ཡོང་གྱིན་འདུག །ཡིན་ནའང་ཨ་རི་བ་དང་སྤྱི་རྒྱལ་མང་ཆེ་བ་ལ་མཚོན་ན་མར་མེ་རང་རྩ་ནས་མ་འབར་ན་མོས་མཐུན་མེད་རུང་སྐལ་མེད་ས་ལ་སྐེ་མི་གཟེད་པས་ལུགས་སྲོལ་ཞིག་ཡོད། སྔོན་མ་ཧྥ་རན་སི་ནང་ལ་བོད་རང་བཙན་གྱི་ཚོགས་པ་བཙུགས་ཤིང་ལས་འགུལ་ཞིག་སྤེལ་ནས་གོམ་བགྲོད་བྱས་པ་ལ་ས་གནས་དེ་ཀའི་བོད་མི་ཚོས་ལྟད་མོར་གཟིགས་ནས་བསྡད་པ་ལ་ཧྥ་རན་སིའི་མི་རྣམས་ཀྱིས་ང་ཚོས་བོད་མི་ཚོ་ལ་རོགས་རམ་བྱེད་པ་ལས་སོ་སོ་ལ་རང་དབང་དང་རང་བཙན་ཆ་ཚང་ཡོད་ཅེས་འཁང་ར་དང་བཅས་རྗེས་ནས་ཚོགས་པ་དེ་འཐོར་བས་ཚོགས་མི་ཞིག་གིས་ང་ལ་སྐད་ཆ་དེ་ལབ་བྱུང་། ད་དུང་ཧྥ་རན་སིའི་མི་སྣ་ཁ་ཤས་བོད་དོན་ཆེད་རྡ་ས་ལ་ཡོང་ནས་བགྲོ་གླེང་བྱས་རྗེས་ལྷ་ས་ལ་ཉམས་ཞིབ་བྱེད་དུ་སོང་བས་རྡ་སའི་གྲོས་གཞི་ནང་གི་མི་ཁ་ཤས་ཤིག་ལྷ་སའི་རྒྱ་བོད་ཀྱི་འགོ་ཁྲིད་ཚོ་ལ་ལྐོག་འབྲེལ་ཡོད་པ་གསར་པོར་ཤེས་སོང་ཟེར།

Share this:
༡༥༦ ཀློག་གྲངས།