ཨོ་གླིང་སི་ཌི་ནེས་ས་གནས་སུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ།

kunchok1_2012_11_25ཟླ་འདིའི་ཚེས་༢༥ ཉིན་ཀྱི་སྔ་དྲོའི་ཆུ་ཚོད་༡༠།༣༠ ཐོག་ནས་ཨོ་གླིང་སི་ཌི་ནེས་བོད་ཀྱི་ས་གནས་གཞོན་ནུའི་གོ་སྒྲིག་དང་སྣེ་ཁྲིད་བྱས་ཏེ། ད་བར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་གྱི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་དང་།

རྒྱ་གཞུང་གིས་བོད་ནང་ལ་ཡ་ང་སྙིང་རྗེ་བྲལ་བའི་ཉེས་རྡུང་བཙོན་འཇུག་བྱེད་བཞིན་པ་འདི་དག་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཤེས་རྟོགས་དང་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་རོགས་རམ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པར་རྒྱབ་སྐྱོར་དང་། རྒྱ་སྤྱིའི་ཐོག་ནས་ཀྱང་དེ་ལྟར་བྱེད་དགོས་པའི་འབོད་བསྐུལ་ཆེད་དུ་ས་གནས་བོད་མི་ཚོས་སི་ཌི་ནེས་རྒྱལ་སྤྱིའི་གྲུ་ཟེངས་འབབ་ཚུགས་ནས་འགོ་འཛུགས་བྱས་ཏེ། སི་ཌི་ནེས་རྒྱ་ནག་གཞུང་ཚབ་བར་ལ་ཆུ་ཚོད་གཉིས་ལྷག་གི་རིང་ལ་ཞི་བའི་གོམ་བགྲོད་ཅིག་བྱས་ཡོད་པ་རེད།

kunchok1_2012_11_25

ད་ཐེངས་ཀྱི་གོམ་བགྲོད་ནང་ལ་ཨོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ནེའི་ཁཱ་སོལ་བོད་རིགས་ཚོགས་པ། སི་ཌི་ནེས་བོད་རིགས་ཚོགས་པ། དེ་བཞིན་མངའ་སྡེ་འདིི་རང་ཁོངས་ས་གནས་སོགས་ཀྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་གླིང་བ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ། དེ་བཞིན་ཕྱི་སྡོད་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱང་གོམ་བགྲོད་ནང་ལ་མཉམ་ཞུགས་དང་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་ཤུགས་ཆེ་གནང་སོང་།

ད་རེས་གོམ་བགྲོད་ལས་འགུལ་འདི་ནི་ནམ་རྒྱུན་དང་ལས་འགུལ་ཁག་དང་མི་འདྲ་བར་བོད་མི་ཚང་མས་བོད་ཆས་གྱོན་ཏེ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་རང་ལུས་མེར་སྲེག་ལུས་འགུལ་kunchok2_2012_11_25སྐབས་སོ་སོའི་འདྲ་པར་སོགས་སྦྱར་བའི་སྤུར་སྒམ་དང་མྱང་ངན་མཚོན་པའི་མེ་ཏོག་སོགས་མཉམ་དུ་ཁྱེར་ཏེ་རྒྱ་ནག་གཞུང་ཚབ་བར་དུ་བསྐྱོད་པ་དང་།  བོད་ལ་རང་དབང་དགོས་པ་དང་། རྒྱལ་གཅེས་བོད་ཀྱི་ཆབ་སྲིད་ཙོན་པ་ཚོ་གློད་གྲོལ་གཏོང་དགོས་སྐོར་སོགས་ཀྱི་ཐད་ནས་རྒྱ་གཞུང་ལ་རེ་སྐུལ་སྐད་འབོད་ཤུགས་ཆེ་བྱས་སོང་། ལུས་འགུལ་ནང་ལ་ས་གནས་བོད་མི་རྣམས་དང་ཕྱི་གླིང་བ་མང་པོ་མཉམ་ཞུགས་བྱས་འདུག་ལ་གྲ་སྒྲིག་དང་སྣེ་ཁྲིད་ཚགས་ཚུད་ངང་སི་ཌི་ནེས་གྲོང་ཁྱེར་གྱི་དབུས་ཀྱི་གཞུང་ལམ་བཞི་མདོ་ཆེ་ཁག་ལྷག་པར་དུ་རྒྱ་རིགས་གནས་སྡོད་བྱ་ཡུལ་གྱི་རྒྱ་ནག་གྲོང་ཁྱེར་སོགས་བརྒྱུད་དེ་བོད་དོན་སྐད་འབོད་དང་གོམ་བགྲོད་སྐབས་བོད་ནང་གི་གནས་སྟངས་ཇི་ལྟར་ཡིན་མིན་སྐོར་གྱི་ཡིག་ཆ་སོགས་བཀྲམ་ཡོད་པ་རེད།

གོམ་བགྲོད་སྐབས་སུ་གྲོང་ཁྱེར་དབུས་ཀྱི་མི་མང་དང་ས་གནས་་ཕྱི་གླིང་གསར་འགོད་པ་ཚོས་དོན་སྣང་ཆེན་པོ་བྱས་ཏེ་བརྙན་པར་འདྲ་ལེན་སོགས་ཤུགས་ཆེ་བྱས་ཏེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་བྱུང་ཡོད་པ་རེད།།

ཨོ་གླིང་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་སི་ཌི་ནེས་གྲོང་ཁྱེར་ནས།

Share this:
༡༣༡ ཀློག་གྲངས།