ཧུའུ་ཅིན་ཐའོ་ཡི་འདྲ་པར་ལ་ལྷམ་གཞུ་བའི་ལས་འགུལ།

དགོས་དོན་ནི། དེང་སྐབས་འཛམ་བུ་གླིང་དུ་ལྷམ་གཞུ་བའི་ཞི་བའི་ངོ་རྒོལ་ལས་འགུལ་ནི་དར་ཁྱབ་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་ཀྱང་གོ་སྐབས་དེ་བཟུང་ནས། ང་ཚོ་བོད་མི་རིགས་རྣམས་ལ་ད་ལྟའི་དཀའ་སྡུག་དང་མནར་གཅོད་མྱོང་དུ་བཅུག་མཁན་གྱི་གཏེ་པོ་རྒྱ་ནག་དམར་གཞུང་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་འདྲ་པར་ལ་ལྷམ་གཡུག་པའི་ལས་འགུལ་འདི་སྤེལ་བ་དང༌།མ་ཟད་འདི་ནི་ཞི་བའི་ལས་འགུལ་སྤེལ་སྟངས་ཀྱི་རྣམ་པ་གསར་པ་ཞིག་རེད། ང་ཚོ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་ངོ་བོ་དང་རྣམ་པ་མི་འདྲ་བའི་ཐོག་ནས་ལས་འགུལ་གང་མང་སྤེལ་དགོས་པ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།

Share this:
༣༡ ཀློག་གྲངས།